2025ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་མཚོ་སྔོན་གྱི་གན་རྒྱའི་དངུལ་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས(གཤམ་དུ“ཞབས་ཞུའི་ཚོང་དོན་ཚོང་འདུས”ཞེས་བསྡུ་རྒྱུ)རིང་མཚོ་སྔོན་གྱི་ཁྱབ་ཁོངས་9ཡི་གན་རྒྱའི་དངུལ་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་ནས་མཚོ་སྔོན་གྱི་ཞབས་ཞུའི་ཚོང་དོན་གྱི་ཁྲོམ་རའི་བར་མཐོངས་རྒྱ་སྐྱེད་གཏོང་བ་དང་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ཞིང་ཆེན་ཚོང་དོན་ཐིང་གིས“སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“‘ས་བཞིའི’”འཛུགས་སྐྲུན་གྱི་གཙོ་རྐང་ལ་དམ་པོར་དམིགས་ནས། “མཚོ་སྔོན་གྱི་ཁྱིམ་ཚང་གི་གསོལ་སྟོན་དང་། འཛད་སྤྱོད་བྱེད་རྣམ་གསར་པ། ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན། རྩིས་ནུས་ཞབས་ཞུ། མཚོ་སྔོན་གྱི་དངོས་ཟོག་སྤུས་ལེགས་སོགས་ལ་དབྱེ་ནས་འགྲེམས་ཁུལ་བཙུགས་པ་དང་། ཞབས་ཞུའི་ཚོང་དོན་གྱི་འབྲེལ་ཡོད་ཁེ་ལས་14དང་དེ་བཞིན་ལས་རིགས་མཐུན་ཚོགས་2སྒྲིག་འཛུགས་བྱས་ཏེ་འགྲེམས་ཞུགས་ཚོགས་པ་བཙུགས་ཏེ“ཡིག་རིས་འགྲེམས་པང་ནས་ཐད་ཀར་མངོན་པ་དང་། བརྙན་ལམ་དང་བརྙན་པར་གྱིས་གསོན་ཉམས་དོད་པོས་གསལ་འགྲེལ། དངོས་པོ་དང་འགྲེམས་རྫས་ཐག་ཉེ་པོས་འགྲེམས་སྟོན། སྤེལ་རེས་ཉམས་ལེན་གྱིས་ཞུགས་སེམས་ཆེ་རུ་གཏོང་བ”བཅས་ཀྱི་ཟུར་ཚད་མང་པོའི་འགྲེམས་གཤོམ་བྱེད་སྟངས་སྤྱད་དེ་མཚོ་སྔོན་གྱི་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་ཡོད།
དེ་དང་ཆབས་ཅིག སྤེལ་རེས་མཉམ་ལས་ལས་སྟེགས་ཧུར་ཐག་བཙུགས་ནས་འགྲེམས་ཞུགས་ཁེ་ལས་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་གླེང་སྟེགས་སོགས་ཀྱི་ལྷན་སྦྱར་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་སྒྲིག་འཛུགས་ཀྱིས་ཁེ་ལས་མཉམ་ལས་ཐོན་ཁུངས་ནང་གནད་སྨིན་སྦྲེལ་མཐུད་ཐུབ་པར་རམ་འདེགས་བྱས་ཡོད། གྲོས་མོལ་སྦྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད། ཡུལ་སྐོར་ཞབས་ཞུ་དང་། བོད་ལུགས་གསོ་བ་རིག་པའི་ཞབས་ཞུ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་འཚོང་། བཟའ་བཏུང་མཉམ་ལས་སོགས་ཁྱབ་ཁོངས་9ཡི་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་ལ་བདེ་བླག་ངང་གན་རྒྱ་བཞག་པ་དང་གན་རྒྱའི་དངུལ་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་ཡོད། གཞན་ཡང་། ད་རེས་ཀྱི་འགྲེམས་ཞུགས་བརྒྱུད་མཚོ་སྔོན་གྱིས་ད་དུང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་གཏོང་རིང་གི་སྔོན་ཐོན་ཉམས་མྱོང་དང་གསར་གཏོད་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྗེས་སུ་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ལེགས་སུ་གཏོང་བར་གཞི་འཛིན་ས་གང་ལེགས་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།