དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཀྱིས་བེད་མེད་རྒྱུ་ནོར་བེད་སྤྱོད་ནུས་ལྡན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-21

    ▶ མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ཡོངས”ཀྱི་ཁྱབ་ཁོངས་སུ་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་286དང་། ཞིང་ཆེན་དེའི་ནང་ཁུལ་དུ་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་738 ཞིང་ཆེན་ཡོངས་སུ་ཕྱོགས་བསྡུས་བྱས་པའི་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་1024བཅས་ལ་ཞིབ་དཔྱད་གོང་ཞུ་བྱས་ཡོད། སྤྱི་འདོམས་བཀོད་སྒྲིག་དང་སྤྱི་འདོམས་མཉམ་སྤྱོད་བརྒྱུད། ས་ཁུལ་དེ་གའི་རྒྱུ་ནོར་ཁག་ཐེངས་70སྙོམས་སྒྲིག་བྱས་པར་ཕན་འབྲས་ཞན་པའི་གཞུང་ཁོངས་རྒྱུ་ནོར་ནུས་ལྡན་ངང་སྤྱད་ནས་ནོར་སྲིད་མ་དངུལ་སྒོར་ཁྲི་832.46གྲོན་ཆུང་ཐུབ་ཡོད་པ་རེད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བེད་མེད་གཞུང་ཁོངས་རྒྱུ་ནོར་འཁོར་རྒྱུག་ཇི་ལྟར་བྱེད་དུ་འཇུག་དགོས་པའི་སྐོར་ལ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ལ་ཁྱབ་པ་དང་རྒྱལ་ཡོངས་དང་འབྲེལ་མཐུད་བྱེད་པའི་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཐོག་ནས་ལན་སྤྲད་ཡོད། ཉིན་ཤས་གོང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་སྙོམས་སྒྲིག་མཉམ་སྤྱོད་མཛད་སྒོ་འཚོགས་པ་རེད། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་མཛུབ་ཁྲིད་ཞིབ་ཚགས་དང་སྤྱི་འདོམས་མཐུན་སྦྱོར་འོག རིག་ཚན་ཆེད་ལས་མ་ལག་ལེགས་སུ་བཏང་རྗེས་སློབ་ཁྲིད་ཐད་གནས་སྐབས་བཀོལ་སྤྱོད་མེད་པའི་ལས་གྲྭའི་འཕྲུལ་ཆས་14གཞུང་ཁོངས་རྒྱུ་ནོར་དོ་དམ་གཏན་འབེབས་ལྟར་སྲིད་འཛིན་ལས་རིགས་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུས་ལ་རྩིས་སྤྲད་ནས་དེ་དག“སློབ་ཁྲིད་སློབ་ཁང”ནས“འགྲིམ་འགྲུལ་འཛུགས་སྐྲུན་གྱི་འཐབ་ས་དང་པོར”བཏང་སྟེ། མཚོ་སྔོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོར་ནོར་སྲིད་པུའུ་ཡིས་སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་སྲིད་འཛིན་དང་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་བཙུགས་པ་རེད། ལས་སྟེགས་འདི་ནི་ཆ་འཕྲིན་ཁྱབ་བསྒྲགས་དང་། དགོས་མཁོ་སྙོམས་སྒྲིག བརྒྱུད་རིམ་ལ་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་དྲ་ཐོག་རྒྱུ་ནོར་མཉམ་སྤྱོད་ལས་སྟེགས་ཤིག་ཡིན་པ་རེད། སྤྱིར་བཤད་ན། དེ་ནི་སྲིད་འཛིན་དང་བྱ་གཞག་ཚན་པའི་རྒྱུ་ནོར་གྱི“མཉམ་སྤྱོད་སྒོ་རྩིས་ཚོང་ཁང”དང་མཚུངས། སྡེ་ཚན་ཁག་དང་ས་ཁུལ་ཁག་གི་སྲིད་འཛིན་དང་བྱ་གཞག་ཚན་པ་ཚང་མས་ལས་སྟེགས་ཐོག་རང་ཉིད་ཀྱི་བེད་མེད་རྒྱུ་ནོར་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཆོག་ལ། སྡེ་ཚན་གཞན་དག་གི་བེད་མེད་རྒྱུ་ནོར་ལ་ལྟ་ཞིབ་དང་རེ་ཞུ་ཡང་བྱེད་ཆོག དེ་སྔའི་དྲ་ཕྱིའི་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་བྱེད་སྟངས་གཞན་དང་བསྡུར་ན། དྲ་ཐོག་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཀྱི་ཁྱབ་རྒྱ་དེ་བས་རྒྱ་ཆེ་བ་དང་རྒྱུ་ནོར་རིགས་དེ་བས་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། རིག་ནུས་མཚམས་སྦྱོར་མངོན་འགྱུར་ཐུབ་ནས་མཁོ་སྤྲོད་ཕྱོགས་གཉིས་ལ“སྦྲེལ་ཟམ”འཛུགས་ཀྱི་ཡོད། ལས་སྟེགས་འདིས་མ་གནས་དམའ་ཤོས་ཀྱི་ཐོག་ནས་རྒྱུ་ནོར་བེད་སྤྱོད་དང་ཐག་གཅོད་ཀྱི་ཕན་འབྲས་མཐོ་རུ་བཏང་སྟེ། བེད་མེད་རྒྱུ་ནོར་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འཁོར་རྒྱུག་མགྱོགས་མྱུར་ཐུབ་ཀྱི་ཡོད་པ་རེད།

    ནོར་སྲིད་ཐོན་ཁུངས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་པུའི་འབྲེལ་ཡོད་ལས་སྒོའི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་། གྲངས་འཛིན་ནོར་སྲིད་རྒྱུ་ནོར་དོ་དམ་དཔེ་དུམ་སྙོམས་སྒྲིག་མཉམ་སྤྱོད་བྱེད་ནུས་གསར་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བེད་མེད་རྒྱུ་ནོར་གྱི་ཆ་འཕྲིན་ཁྱབ་བསྒྲགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཀྱི་བཀོལ་སྤྱོད་ཕྱོགས་སྟོན》བཟོས་པ་དང་། 《སྲིད་འཛིན་དང་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཀྱི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་བརྡ་ཐོ》བཀྲམ་ནས་མཚོ་སྔོན་ཞིང་ཆེན་གྱི“རྒྱུ་ནོར་སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས”བཙུགས་པ་རེད།

    མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ཡོངས”ཀྱི་ཁྱབ་ཁོངས་སུ་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་286དང་། ཞིང་ཆེན་དེའི་ནང་ཁུལ་དུ་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་738 ཞིང་ཆེན་ཡོངས་སུ་ཕྱོགས་བསྡུས་བྱས་པའི་སྙོམས་སྒྲིག་ཆོག་པའི་རྒྱུ་ནོར་གྱི་གྲངས་གཞི་1024བཅས་ལ་ཞིབ་དཔྱད་གོང་ཞུ་བྱས་ཡོད། སྤྱི་འདོམས་བཀོད་སྒྲིག་དང་སྤྱི་འདོམས་མཉམ་སྤྱོད་བརྒྱུད། ས་ཁུལ་དེ་གའི་རྒྱུ་ནོར་ཁག་ཐེངས་70སྙོམས་སྒྲིག་བྱས་པར་ཕན་འབྲས་ཞན་པའི་གཞུང་ཁོངས་རྒྱུ་ནོར་ནུས་ལྡན་ངང་སྤྱད་ནས་ནོར་སྲིད་མ་དངུལ་སྒོར་ཁྲི་832.46གྲོན་ཆུང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།