དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “རང་སྣང་གང་ཤར”བྱས་ན་འགྲིག་ཐབས་མེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲེན་ཐུང་རུའེ།   |     སྤེལ་དུས།  2025-09-21

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་ཏང་ཡོན་ལས་བྱེད་པར“རང་སྣང་གང་ཤར་བྱས་ནས་ཡོང་མི་ཆོག་ལ། འདིར་འབྱོར་རྗེས་རང་སྣང་གང་ཤར་བྱེད་མི་ཆོག སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པས། སྔར་བཞིན་ཉེན་བརྡ་རྒྱུན་དུ་སྒྲོག་པ་དང་རྟག་ཏུ་རྩ་བ་དེ་དམ་པོར་འཛིན་དགོས”ཞེས་བླང་བྱ་གསལ་པོ་བཏོན་གནང་ཡོད།

    “རང་སྣང་གང་ཤར”ཞེས་པ་ནི་དོན་དག་ཆུང་ཆུང་ཞིག་གཏན་ནས་མ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱི་གནད་དོན་སྐོར་བརྡ་ཁྱབ་བྱས་པར་བལྟས་ན། ཐབས་ཇུས་འགོད་སྐབས་ཀླད་པ་མི་དཀྲུགས་པ་དང་། འཚབ་འཚུབ་ངང་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ནས་མཐར་ལས་ཀའི་མཐའ་མ་འཁྱོལ་བར་གྱོང་གུན་ཚབས་ཆེན་བཟོ་བ་དང་། བྱ་བ་སྒྲུབ་སྐབས་མགོ་བདེ་དྲན་འཕྲུལ་བྱེད་པ་དང་། “ཤོད་སྐབས་སྙན་པོ་ཡོད་ཀྱང་ལས་ཀ་ཧ་རེ་ཧུ་རེ”བྱས་པར་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ། འབྲེལ་གཏུག་བྱེད་སྐབས་ཚད་རན་པོ་མེད་པར་དོ་དམ་བྱ་ཡུལ་དང་ཞབས་འདེགས་ཞུ་ཡུལ་གྱིས་མགྲོན་པོར་འབོད་ཚད་ལ་བསྐྱོད་པ་དང་ལག་རྟགས་སྤྲོད་ཚད་བླངས་མཐར“རྔོན་རྙི”ལ་ཚུད་པ་དང་རུལ་སུངས་སུ་གྱུར་པ་ལ་སོགས། “རང་སྣང་གང་ཤར”བྱས་ན་རང་གཞན་གཉིས་ཀར་གནོད་ལ་ཏང་གི་གཟུགས་བརྙན་ལའང་གནོད་ཀྱི་ཡོད།

    གུང་ཁྲན་ཏང་མི་ནི་མི་ནན་ཏན་ཤ་སྟག་རེད། ནན་ཏན་བྱ་རྒྱུ་ནི་མི་བྱེད་པའི་ཐབས་དང་ལུས་ཚུགས་པའི་གཞི་རེད་ལ། ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཀྱང་རེད། གུང་ཁྲན་ཏང་མི་མི་རབས་མང་པོས་ནུས་ཤུགས་ཡོད་རྒུས་ལས་ཀ་བྱས་ནས་བྱ་གཞག་བསྒྲུབས་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པས། ང་ཚོའི་ཏང་ལ་གཞི་ནས་མང་ཚོགས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཐོབ་པ་དང་གཞི་ནས་བྱ་གཞག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ཡོད། “རང་སྣང་གང་ཤར”ནི་སྤྱོད་ཚུལ་ནན་པོ་དང་ཏན་ཏིག་མེད་པའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དང་མི་མཐུན་པ་ཞིག་ཡིན་པས། ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་ལ་དོགས་ཟོན་ཡང་མཐའ་གཅིག་ཏུ་བྱེད་དགོས།

    “རང་སྣང་གང་ཤར”བྱུང་དོན་ནི་འགན་མི་འཁུར་བ་དང་ལས་ཀ་མི་བྱེད་པ་དེ་རེད། ཧ་རེ་ཧུ་རེ་དང་། ཁྲལ་སེལ་སླ་བཅོས། ཉི་མ་གང་འཁྱོལ་བཅས་བྱས་ན་བྱ་བ་གྲུབ་མི་ཐུབ་ལ་ཚོད་བགམ་ཡང་ཐེག་མི་ཐུབ། དེ་ལས་ལྡོག་སྟེ་བརྩི་བཀུར་བྱེད་རིན་ཡོད་པའི་མིག་དཔེ་དེ་དག་ཚང་མར་རྒྱུན་དུ་ནས་ཚད་མཐོའི་འགན་འཁུར་དང་ཁ་བཤད་ལག་བསྟར་གྱི་གཤིས་རྒྱུད་ལྡན། ཁུང་ཧྥན་སེན་གྱིས“ལས་ཀ་ཡར་འགྲོ་དང་ལས་བྱེད་པ་མར་འགྲོའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དུས་ཚོད་གསུམ་ཆ་གཅིག་རྫོང་དང་ཤང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྤྱད་པར། ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཞན་ཆ་དང་མི་མངོན་པའི་ལེགས་ཆ་རྙེད་ནས་དམངས་འཚོ་དངོས་གནས་ལེགས་སུ་བཏང་ཡོད།

    “རང་སྣང་གང་ཤར”གྱི་འབྱུང་རྩ་ནི་ཏང་གཤིས་ལ་ཞུན་བརྡར་གཏོང་ཤུགས་མི་འདང་བ་དེ་རེད། སྤྱོད་ཚུལ་གྱི་གནད་དོན་ནི་ངོ་བོའི་ཐོག་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་ཞིག་རེད། རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ན་ཆབ་སྲིད་ཐད་གཞི་ནས་བློ་བརྟན་འགྱུར་མེད་དང་བྱ་སྤྱོད་ཐད་གཞི་ནས་རང་རྟོགས་ཡོང་རྒྱུ་རེད། “རང་སྣང་གང་ཤར”གྱི་གོམས་གཤིས་མེད་པ་བཟོ་དགོས་བསམས་ན་སེམས་ཀྱི་གཏིང་ནས་དེའི་འབྱུང་རྩ་འཚོལ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་ལ་ཞུན་བརྡར་གཏོང་རྒྱུ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས་ནམ་འཚོའི་བར་དུ་སློབ་སྦྱོང་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་མིའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས།

    སྤྱོད་ཚུལ་འཛུགས་སྐྱོང་ལ་ཚར་དུས་མེད། “རང་སྣང་གང་ཤར”གྱི་རྩ་བ་བཅོས་དགོས་ན། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་ལ་ཞུན་བརྡར་གཏོང་བའི་རྩ་བ་དེ་དམ་པོར་འཛིན་དགོས། དོན་འཁྱོལ་ལ་དམ་འཛིན་ཇི་མ་ཇི་བཞིན་དུ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏན་ཏིག་བྱེད་པ། མང་ཚོགས་ལ་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བ་ལ་སོགས། དུས་དང་རྣམ་པ་ཀུན་ཏུ་རང་གཅུན་ནན་པོ་བྱ་རྒྱུ་དང་རང་འགན་རང་འཁུར་བྱ་རྒྱུ་མཐའ་འཁྱོངས་བྱས་ན། ང་ཚོས་རྩ་འཛུགས་ཀྱིས་ཡིད་ཆེས་བྱས་པ་དང་མི་དམངས་ཀྱིས་རེ་བ་ཆེན་པོ་བཅོལ་བ་ཆུད་ཟོས་སུ་མ་ཕྱིན་པའི་ལན་ཞིག་སྤྲོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།