དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཁྱགས་སྒམ་རྟེན་སྦྱར་གྱིས་ཀྲུང་གོའི་རྟེན་མཛོད་ཁང་ལ་བཀྲག་མདངས་གསར་པ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-21

    འདི་ནི་ལྟད་མོ་བས་པེ་ཅིང་ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་བང་བསྒྲིགས་ནས་འཁྱགས་སྒམ་རྟེན་སྦྱར་ཉོ་བཞིན་པ།

    ཀྲུང་གོའི་རྒྱལ་སར་ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་གིས་རིན་གོང་ཅུང་མཐོ་བའི་དྲན་རྟེན་དངོས་པོ་འཁྱགས་སྒམ་རྟེན་སྦྱར་ཉོ་འདོད་བྱེད་ཀྱི་ཡོད། པེ་ཅིང་གི་གནའ་རབས་སྐྲུན་དངོས་རྟེན་མཛོད་ཁང་དུ“ཕོ་བྲང་གི་གནམ་གཅལ་རི་མོ”ཞེས་པའི་རིམ་ལྔའི་འཁྱགས་སྒམ་རྟེན་སྦྱར་ལ་ཡུལ་སྐོར་བས་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་དང་། པར་ཆ་ཚང་ལ་མི་དམངས་ཤོག་སྒོར་168བྱེད་ཀྱི་ཡོད།

    ཀྲུང་གོའི་གྲོང་ཁྱེར་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་འབྲེལ་བ་ཡོད་པའི་འཁྱགས་སྒམ་རྟེན་སྦྱར་ནི་ས་གནས་ཁག་གི་ལག་རྟགས་ཚོང་ཁང་གི་ཐོན་རྫས་གཙོ་བོར་ཡིན་ཞིང་། ཨའེ་རུའེ་བློ་འདྲིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2024ལོར་རྟེན་མཛོད་ཁང་གི་འཁྱགས་སྒམ་རྟེན་སྦྱར་ཚུད་པའི་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་IPཚོང་ལས་ཅན་གྱི་ཁྲོམ་རའི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་4314ཟིན་པ་དེ་དུས་མཚུངས་ལས་འཕར་ཚད་15.5%ཙམ་ཟིན་ཡོད། ཀྲུང་གོའི་གྲོང་མི་ཡུལ་སྐོར་བྱེད་འདོད་ཆེ་རུ་ཕྱིན་པ་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་IPརྒྱུན་མཐུད་ཚོང་ལས་ཅན་དུ་རྒྱ་སྐྱེད་ཕྱིན་པ་དང་བསྟུན། ཁྲོམ་ར་དེའི་གཞི་ཁྱོན་སྔོན་དཔག་བྱས་ན་2027ལོར་སླེབས་སྐབས་སྒོར་དུང་ཕྱུར་6972ཟིན་རེ་ཡོད་པ་རེད།

    —— རི་པིན་གྱི《རི་པིན་དཔལ་འབྱོར་ཨེ་ཤེ་ཡའི་དཔྱད་གཏམ》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།