དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་འཛམ་གླིང་གི་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-21

    འདི་ནི་ཨན་ཧུའེ་ཞིང་ཆེན་མིང་ཀོང་གྲོང་ཁྱེར་ཧྥན་ཚུན་གྲོང་རྡལ་དབྱིན་ཆའོ་གྲོང་ཚོའི་འོད་ཤུགས་གློག་ཁང་དུ་ལས་དོན་པས་འོད་ཤུགས་གློག་ཁང་གི་གློག་འདོན་སྒྲིག་ཆས་ལ་ཞིབ་བཤེར་དང་བདག་སྐྱོང་བྱེད་བཞིན་པ། སུང་ཝུའེ་ཤིན་གྱིས་པར་བརྒྱབ(མི་དམངས་མཐོང་ཚོར)

    ན་ནིང་། ཀྲུང་གོས་སྐྲུན་བཞིན་པའི་རླུང་ནུས་དང་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ནི་འཛམ་གླིང་ས་ཁུལ་གཞན་དག་གི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་གྱི་ལྡབ་གཉིས་ཡིན་ཞིང་། དེས་ཀྲུང་གོས་ལོ་དྲུག་གི་སྔོན་ལ་བཏོན་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཅི་ཝ་1200སླེབས་པའི་དམིགས་ཚད་མངོན་འགྱུར་བྱེད་པར་རམ་འདེགས་བྱས་ཡོད།

    ཕྱི་རྒྱལ་གྱི་ཁྲོམ་རར་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་མཁོ་འདོན་བྱེད་པའི་ལག་རྩལ་ཐད་ཀྲུང་གོར་དེ་མཚུངས་ཀྱི་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ན་ནིང་གོ་ལ་ཧྲིལ་པོའི་ཨང་དང་པོ་ནས་བཞི་པ་བར་གྱི་རླུང་ཤུགས་སྒྲོ་གཤོག་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་ཚོང་པ་ཚང་མ་ཀྲུང་གོ་ནས་ཡིན་ཐེངས་དང་པོ་རེད། འོད་ཤུགས་གློག་རྫས་དང་གློག་སྒུལ་རླངས་འཁོར་བཟོ་སྐྲུན་དང་ཕྱིར་གཏོང་གིས་ཀྱང་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་མང་ཆེ་བ་བཟུང་ཡོད།

    བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཀྱི་མྱུར་ཚད་སྔར་བས་མགྱོགས་སུ་ཕྱིན་ཞིང་། ཀྲུང་གོའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཁྲོད་ཀྱི་རྡོ་འགྱུར་འབར་རྫས་ཀྱི་བསྡུར་ཚད་དེ་ལོ་10ཡི་གོང་གི་གསུམ་ཆ་གཉིས་ནས་མིག་སྔའི་ཕྱེད་ཀ་མན་དུ་ཆག་ཡོད། ཧྥིན་ལན་གྱི་ནུས་རྒྱུ་དང་མཁའ་རླུང་གཙང་མ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་སྲིད་ཇུས་དབྱེ་ཞིབ་མཁས་ཅན་པེ་ལིན་ཏ·ཧྲེ་ཕེ་ཡིས། མིག་སྔའི་དུས་བབ་ལས་ཀྲུང་གོས་འབྱུང་འགྱུར་ལོ་10ཡི་ནང་བཙོག་འབུད་བྱེད་ཚད་སྔར་བཞིན་30%ཉུང་དུ་གཏོང་སྲིད་པ་ལས་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་པ་དང་། ལྷག་པར་དུ་གོ་ལ་ཧྲིལ་པོའི་ནུས་རྒྱུ་རྒྱུན་མཐུད་ཕྱོགས་སྒྱུར་བྱེད་པའི་གནས་ཚུལ་འོག་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེ་བ་ཐོན་ངེས་རེད་ཅེས་བརྗོད།

    —— དབྱིན་ཇིའི《ཝུའེ་ཚགས་པར》ཐོགགནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།