དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལག་རྩལ་གྱིས་ཁམ་ཕུ་ཁྲེའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧུའེ་ཡིས།   |     སྤེལ་དུས།  2025-09-21

    འདི་ནི་ཁམ་ཕུ་ཁྲེའི་ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཡིན་པ།

    ཁམ་ཕུ་ཁྲེའི་ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཏོའུ་ཁོ་རི་རྒྱུད་དུ་བསྐྲུན་ཡོད། གློག་ཁང་དེའི་རགས་ཆེན་གྱི་སྟེང་དུ་རྒྱ་ཡིག་དང་ཁམ་ཕུ་ཁྲེའི་ཡི་གེས་བྲིས་པའི“ཆུ་ཤུགས་གློག་ཁང་གསར་སྐྲུན་བྱས་ནས་མི་སེར་ལ་བདེ་སྐྱིད་སྦྱིན”ཞེས་པ་ཧ་ཅང་མངོན་གསལ་དོད་པོ་ཡོད། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ཆུ་ཤུགས་གློག་ཁང་དེས་བསྟུད་མར་ཉིན་4300ལྷག་ཙམ་བདེ་འཇགས་ལྡན་པར་ཐོན་སྐྱེད་བྱས་ཡོད། ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་10ཙམ་ཟིན་ནས་ཁམ་ཕུ་ཁྲེར་ལོ་རེར་ཆ་སྙོམས་10%ཡན་གྱི་བདེ་འཇགས་ལྡན་ལ་བརྟན་པ་དང་བློས་འགེལ་ཆོག་པའི་གློག་ནུས་མཁོ་འདོན་བྱེད་ཀྱི་ཡོད། ཉིན་ཤས་གོང་། གསར་འགོད་པས་ཁམ་ཕུ་ཁྲེའི་ལྷོ་ནུབ་རྒྱུད་ཀྱི་ཀེ་ཀུང་ཞིང་ཆེན་དུ་བསྐྱོད་དེ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ལོ་10ལྷག་ཕྱིན་པའི་ཆུ་ཤུགས་གློག་ཁང་དེས་ཁམ་ཕུ་ཁྲེའི་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་སྒྲོན་མཁོ་སྤྲོད་ཇི་ལྟར་བྱས་ཚུལ་དང་ཀྲུང་ཁམ་གཉིས་ཀའི་མཛའ་གྲོགས་བློས་ཐུབ་ལ་ནུས་ཤུགས་ཇི་ལྟར་བཏོན་ཚུལ་སྐོར་ཉམས་ཞིབ་བྱས་པ་རེད།

    གློག་ཤུགས་བརྟན་པོ་འགན་ལེན་བྱས། གློག་སྤྱོད་མ་གནས་དམའ་རུ་བཏང་།

    ཟླ་བ་བརྒྱད་པ་ནི་ཨོ་ལེ་སའེ་གཙང་པོ་རྒྱས་པའི་དུས་ཡིན་པས་ཆུ་ཤུགས་གློག་ཁང་གི་ལས་རེས་པ་དབྱང་ཝེ་གོ་ཡིས་ཞོགས་པ་སྔ་པོ་ནས་རགས་ཆེན་ལ་སྐོར་ཞིབ་བྱས། ཁོང་གིས“ད་ཆ་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཡིན་པས་ཆུ་ཚོད་24ཡི་རིང་ལས་རེས་བྱེད་དགོས” “མིག་སྔའི་ཆུ་ཁ་སྨི་107རེད། གལ་སྲིད་སྨི་108ལས་བརྒལ་ཚེ་ཆུ་བཤང་དགོས”ཞེས་གསར་འགོད་པར་བཤད།

    དབྱང་ཝེ་གོ་ཡིས། ལས་རེས་པས་ཉིན་ལྟར་ལས་ཀའི་ཚོགས་པའི་ནང་དུས་ཡུན་ཐུང་འབྲིང་གཉིས་ཀྱི་གནམ་གཤིས་སྔོན་བརྡ་ཐེངས་གཉིས་གཏོང་དགོས། ཆུ་ཚོད་རེ་རེའི་ནང་རགས་ཆེན་གྱི་ཆུ་ཁ་དང་འཕྲུལ་ཚན་གྱི་ཐེག་ཚད་སོགས་ཆུའི་གནས་ཚུལ་སྐོར་གྱི་ཆ་འཕྲིན་ཐེངས་རེ་གཏོང་དགོས་པ་མ་ཟད། གནམ་གཤིས་ལ་སྔོན་དཔག་བྱས་ཏེ་སྔ་ས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས། གལ་སྲིད་ཆར་པ་ཧ་ཅང་ཆེན་པོ་བབས་ཚེ་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་དགོས། དབྱང་ཝེ་གོས“སྔོན་དཔག་ལྟར་ན། ཉེ་དུས་ཆར་པ་ཆེན་པོ་འབབ་རྒྱུ་རེད། ང་ཚོས་འབྲུབ་འགོག་དངོས་ཟོག་འདང་ངེས་གྲ་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་འཁོར་སོགས་གློག་ཁུངས་དང་། ཆུ་བཤང་སྒྲིག་བཀོད། སྲུང་སྐར་ཁ་པར་སོགས་ལ་ཞིབ་བཤེར་བདག་སྐྱོང་བྱས་ནས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་བཤད།

    ཀྲུང་གོ་ཧྭ་གློག་ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་རྣམ་གྲངས(ཁམ་ཕུ་ཁྲེ)ཚད་ཡོད་ཀུང་སིས(གཤམ་དུ“ཨོ་ལེ་སའེ་ཀུང་སི”ཞེས་བསྡུ་རྒྱུ)ལག་བསྟར་ཏུང་ཧྲི་ལིའུ་ཤིན་ཤིས་ཀྱིས། ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གིས་ཐོན་སྐྱེད་བྱེད་འགོ་མ་ཚུགས་གོང་ཁམ་ཕུ་ཁྲེའི་རྒྱལ་ཡོངས་སུ་གློག་ཁུངས་20%རྡོ་སྣུམ་ལྗིད་རིགས་ལ་བརྟེན་ནས་འདོན་པའམ་ཡང་ན་ནང་འདྲེན་བྱེད་དགོས་པས། མ་གནས་མཐོ་བ་མ་ཟད། ད་དུང་རྡོ་སྣུམ་ལྗིད་རིགས་ཀྱི་གློག་འདོན་ལ་སྦགས་བཙོག་ཀྱང་ཡོད་སྟབས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོ་གི་ཡོད། ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་བསྐྲུན་པ་དེས་ས་གནས་དེ་གའི་གློག་སྤྱོད་འགན་ལེན་བྱེད་པ་དང་གློག་སྤྱོད་མ་གནས་དམའ་རུ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བརྗོད་པ་རེད།

    ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་དང་དབུ་བཞུགས་བློན་ཆེན་ཟུར་པ་ཧུང་སེན་གྱིས་སྔོན་ཆད་ཆུ་ཤུགས་གློག་ཁང་དེར་ལྟ་ཞིབ་བྱེད་སྐབས། “ཀྲུང་གོ་མི་དམངས་ཀྱིས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད”ཅེས་བརྗོད་མྱོང་། ཀེ་ཀུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཧྲེན་ཧུང་གིས། ཀེ་ཀུང་ཞིང་ཆེན་ནི་ཁམ་ཕུ་ཁྲེའི་ཉ་ལས་ཞིང་ཆེན་ཞིག་རེད། གལ་སྲིད་གོང་ཁེ་པོའི་གློག་ཤུགས་འདང་ངེས་མཁོ་འདོན་ཐུབ་ཚེ། ས་གནས་དེ་གའི་ཉ་པ་ཚོས་བཟུང་པའི་མཚོ་ཟས་གྲང་བཟོ་དང་ལས་སྣོན་ཞིབ་ཚགས་བྱས་རྗེས་ཐག་དེ་བས་རིང་སར་བཙོངས་ཏེ་ཡོང་འབབ་འཕར་བར་བྱེད་ཆོག ཆུ་ཤུགས་གློག་ཁང་གི་ཕན་པ་ནི་དུས་ཡུན་རིང་པོ་རེད”ཅེས་བརྗོད།

    ཀྲུང་གོའི་ཚད་གཞི་ལག་ལེན་བསྟར། ལག་རྩལ་གསར་གཏོད་སྣང་ཆེན་བྱས།

    ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ་སྐྱོད་སྐབས། གློག་སྐུད་མཐུད་ས་གཙོ་བོའི་བརྙན་ཤེལ་ཆེན་པོ་ནས་འཕྲུལ་ཚན་འཁོར་སྐྱོད་ཀྱི་གནས་ཚུལ་དང་། ཆུ་མཛོད་ཀྱི་ཆུ་ཁ། གློག་འདོན་ཐེག་ཚད་སོགས་གསལ་པོར་མཐོང་ཐུབ། “མ་ལག་འདི་བརྒྱུད་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་འཁོར་སྐྱོད་ལ་རྒྱང་རིང་ནས་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། གལ་སྲིད་སྒྲིག་ཆས་རྒྱུན་ལྡན་མིན་ཚེ་དྲན་སྐུལ་བྱེད་ཀྱི་རེད”ཅེས་ཨོ་ལེ་སའེ་ཀུང་སིའི་ཐོན་སྐྱེད་ལག་རྩལ་པུའི་འགན་འཁུར་བ་དབྱང་ཧྲེང་ཧུའེ་ཡིས་བརྗོད།

    དབྱང་ཧྲེང་ཧུའེ་ཡིས། དམིགས་བསལ་སྒྲིག་ཆས་ལ་རྒྱུན་གཏན་ཅན་གྱི་ཞིབ་དཔྱད་ཚད་ལེན་བྱེད་པ་དེ་ཆུ་ཤུགས་གློག་ཁང་གི་མི་ལུས་དང་སྒྲིག་ཆས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ཡིན་ན་ཡང་ཁམ་ཕུ་ཁྲེར་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་དང་བླང་བྱ་མེད། 2016ལོར། རྣམ་གྲངས་དེས་ཀྲུང་གོའི་སྔོན་ཐོན་ཚད་གཞི་ལྟར་ཁམ་ཕུ་ཁྲེའི་མངའ་ཁོངས་སུ་ཆུ་ཤུགས་གློག་ཁང་གི་ཚོད་ལྟའི་ལྟེ་གནས་སྔ་ཤོས་བསྐྲུན་པ་རེད། མིག་སྔར། ཆུ་ཤུགས་གློག་ཁང་ཚོད་ལྟའི་ལྟེ་གནས་ཀྱིས་གློག་རྒྱུན་སྲུང་སྐྱོབ་དང་། གློག་འདོན་འཕྲུལ་ཆས། གློག་སྒྱུར་འཕྲུལ་ཆས། གློག་བཀག་ཆས་སོགས་ཞིབ་དཔྱད་ཚད་ལེན་རྣམ་གྲངས་90ལྷག་བདག་སྐྱོང་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཁམ་ཕུ་ཁྲེའི་ཀྲུང་གོའི་མ་འཇོག་གློག་ཤུགས་ཁེ་ལས་གཞན་དག་ལ་ཡང་ཞབས་འདེགས་ཞུ་གི་ཡོད་ཅེས་གསར་འགོད་པར་བརྗོད།

    ཤེས་ལྡན་གསོ་སྐྱོང་རམ་འདེགས་བྱས། འཕེལ་རྒྱས་ནུས་པ་ཆེ་རུ་བཏང་།

    ཆུ་ཤུགས་གློག་ཁང་ལ་ཤེས་རྩལ་འཛོམས་པའི་མི་སྣ་གསོ་སྐྱོང་བྱ་ཆེད། ཨོ་ལེ་སའེ་ཀུང་སི་དང་ཀོང་ཤིས་ཆུ་བེད་གློག་ཤུགས་ལས་རིགས་ལག་རྩལ་སློབ་གླིང་གིས“རྒྱ་ཡིག་དང་ཆུ་གློག་ལས་རིགས་རྩལ་ནུས”ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས་མང་པོ་མཉམ་དུ་གཉེར་བ་རེད། གསོ་སྦྱོང་འཛིན་གྲྭའི་སློབ་ཡུན་ལོ་གཅིག་ཡིན་པ་དང་དྲ་ཐོག་གི་གསོ་སྦྱོང་གཙོ་བོར་བཟུང་ཞིང་། ནང་དོན་དུ་རྒྱ་ཡིག་དང་ཆུ་གློག་ལས་རིགས་ཀྱི་རྩལ་ནུས་སོགས་ཕྱོགས་མང་པོའི་སློབ་ཚན་ཚུད་ཡོད།

    ཆུ་ཤུགས་གློག་ཁང་འཁོར་སྐྱོད་ལས་རོགས་ལས་རེས་པ་ལིན་སའེ་ཏཱ་ཡིས་གཟའ་འཁོར་རེར་གསོ་སྦྱོང་འཛིན་གྲྭར་སློབ་ཚན་ཐེངས་3ནས་4བར་ཉན་གྱི་ཡོད། “ངས་གློག་གནོན་དང་། འགུལ་ཚད། གློག་ཤུགས་སོགས་ཀྱི་ཆེད་ལས་ཤེས་བྱར་རྒྱུས་མངའ་ལོན་སོང་ལ། རྒྱ་སྐད་ཀྱང་དེ་བས་ཡག་ཏུ་ཕྱིན་སོང”ཞེས་ལིན་སའེ་ཏཱ་ཡིས་གསར་འགོད་པར་བརྗོད། ཁོང་གིས་ངས་ད་ལྟ་འབད་བརྩོན་བྱེད་བཞིན་ཡོད། རྗེས་སུ་ཀྲུང་གོའི་ལས་རོགས་ཚོ་དང་འདྲ་བར་རྣམ་གྲངས་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

    “རྒྱུད་གཅིག་ལམ་གཅིག”ནུས་རྒྱུ་སློབ་གླིང་གི་ཁམ་ཕུ་ཁྲེའི་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་དང་། རྒྱལ་ནང་གི་མཐོ་སློབ་དང་མཉམ་དུ་གློག་ཤུགས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སའི“ཀུའེ་ཧྲུའེ་བཟོ་ཁང”གཏོད་པ། “ཧྭ་གློག་མཚན་མོའི་སློབ་གྲྭ”གཉེར་བ། “དར་གོས་ལམ་བུའི”སྦྱང་འབྲས་བྱ་དགའི་དངུལ་སྤྲོད་པ། ཁམ་ཕུ་ཁྲེའི་ལས་བཟོ་ཕུལ་བྱུང་ཀྲུང་གོར་ལྟ་སྐོར་ལ་ཁྲིད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་གསོ་སྦྱོང་རྣམ་གྲངས་བརྒྱུད་ཁམ་ཕུ་ཁྲེའི་ལས་མི་ཁག་གཅིག་ཆུ་ཤུགས་གློག་ཁང་དུ་འཚར་ལོངས་དང་འཇོན་ཐང་ཅན་དུ་གྱུར་ནས་ལག་རྩལ་དོ་དམ་གྱི་ལས་གནས་གལ་ཆེན་དུ་སྐྱོད་ཐུབ་ཡོད་པས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་མིའི་བརྩེ་བ་ཡང་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད།

    “ཨོ་ལེ་སའེ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གིས་ས་གནས་དེ་གའི་མི་སྣ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ཚང་མར་འཛམ་གླིང་གི་སྔོན་ཐོན་ཆུ་གློག་ལག་རྩལ་སྦྱོང་བའི་གོ་སྐབས་རག་ནས་ཁམ་ཕུ་ཁྲེའི་ཆུ་ཤུགས་གློག་ཁང་རང་བརྟེན་བཟོ་སྐྲུན་དང་། འཁོར་སྐྱོད། བདག་སྐྱོང་བཅས་ཐུབ་པའི་འཇོན་ཐང་ཆེ་རུ་འགྲོ་རེ་ཡོད”ཅེས་ཧྲེན་ཧུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།