དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཇུས་འདོན་ཚོགས་པའི་སྙན་ཞུ་དངོས་སུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-21

     ཚེས་19ཉིན། 2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཇུས་འདོན་ཚོགས་པའི་སྙན་ཞུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང《2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་རིམ་མེ་ལོང》དང《2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སྙན་ཞུལོ》གཉིས་ཚུད་ཡོད། དེ་ནི་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་སྨྱན་སྦྱོར་གསར་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་ཉིན་རེའི་ཚགས་པར་གསར་འགྱུར་འཐབ་ཕྱོགས་དུས་དེབ་ཁང་གིས་མཉམ་དུ་རྩོམ་སྒྲིག་བྱས་པ་ཞིག་རེད།

    《2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་རིམ་མེ་ལོང》གི་མ་ལག་ནང་ཀྲུང་དབྱང་དང་ས་གནས་ཀྱི་སྨྱན་སྦྱོར་དང་། ས་གནས་ཁག་གི་གསར་འགོད་པའི་མཐུན་ཚོགས། ཀྲུང་དབྱང་ཁེ་ལས་ཀྱི་སྨྱན་སྦྱོར་གསར་པ། གསར་འགྱུར་སློབ་གླིང་། སྨྱན་སྦྱོར་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། ཚོང་ལས་ཁྱབ་སྤེལ་ལས་སྟེགས་སོགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་བཀོད་དེ་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི“ཆ་འཕྲིན་ཀུན་གསལ་ཡིག་ཚགས”ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། 《2025ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སྙན་ཞུ》དེ་ལས་ཆེད་ལས་ཀྱི་ཟུར་ཚད་ཐོག་ནས་ལས་རིགས་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་གསལ་རྟོགས་ཐུབ་པས། རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཡོད་ལ་ལག་ལེན་གྱི་མྱོང་བའང་ཡོད།

    སྙན་ཞུ་དེ་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཇུས་འདོན་ཚོགས་པའི་རིམ་སྤེལ་གྲུབ་འབྲས་ཤིག་གི་ངོས་ནས་ལོ་6བསྟུད་མར་དཔེ་སྐྲུན་བྱས་པ་དང་། ཟུར་ངོས་ཡོངས་ནས་རང་རྒྱལ་གྱི་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་འཚོལ་ཞིབ་གསར་པ་བཀོད་དེ་གཙོ་རྒྱུན་སྨྱན་སྦྱོར་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་ལག་ལེན་གྱི་དཔྱད་གཞི་དང་གཞི་གྲངས་ཀྱི་འདེགས་སྐྱོར་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་སྨྱན་སྦྱོར་གསར་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། མི་དམངས་ཉིན་རེའི་ཚགས་པར་གསར་འགྱུར་འཐབ་ཕྱོགས་དུས་དེབ་ཁང་། ཀྲུང་གུང་ཧྥུའུ་ཀྲོའུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པ། ཧྥུའུ་ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་ཁུར་བ་བཅས་རེད། ལས་གཉེར་ལས་རིགས་དང་སློབ་གསོའི་ལས་རིགས་ཀྱི་འཐུས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།