དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་མང་པོར་བྱེད་སྒོ་སྤེལ་ནས་རི་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་བ།

    དགུ་པའི་བཅོ་བརྒྱད་བརྗེད་མི་རུང་། མ་འོངས་ཕྱོགས་སུ་འབད་པས་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-21

    འདི་ནི་ཟླ་9ཚེས་18ཉིན“ལོ་རྒྱུས་སེམས་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེར་གཅེས་སྤྲས་བྱེད། འབྱུང་འགྱུར་ཧུར་ཐག་གཏོད”ཅེས་པའི་ཧེ་ལུང་ཅང་ཞིང་ཆེན་དང་ཧར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བའི་བརྗོད་དོན་གཙོ་བོའི་དཔེ་སྟོན་བྱེད་སྒོ་སྤེལ་ཡུལ་དུ་སློབ་མ་ཚོས་རི་འགོག་དམག་འཁྲུག་གི་གླུ་གཞས་ལེན་བཞིན་པ།

    ད་ལོ་ནི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ལངས་ནས་ལོ་94འཁོར་བའི་ལོ་ཞིག་ཡིན་པ་དང་། ས་གནས་མང་པོར་བྱེད་སྒོ་སྤེལ་ནས་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད།

    ཟླ་9ཚེས་18ཉིན་གྱི་སྔ་དྲོར། ཅི་ལིན་ཞིང་ཆེན་ཕན་ཧྲི་གྲོང་ཁྱེར་ཅིང་ཡུས་ཐང་ཆེན་དུ“ཅི་ལིན་ཞིང་ཆེན་གྱི་དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བ་དང་2025ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བ”ཞེས་པའི་ཚོགས་ར་གཙོ་བོའི་བྱེད་སྒོ་རྔམ་བརྗིད་ལྡན་པའི་ངང་སྤེལ་ཞིང་། བྱང་ཤར་རི་འགོག་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔོན་དམག་གི་རྗེས་རབས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སོགས་མི་སྟོང་ཕྲག་ཁ་ཤས་ཀྱིས་དམག་དཔོན་དབྱང་ཅིང་ཡུས་ཀྱི་འཇིམ་བརྙན་གྱི་མདུན་དུ་ངག་བསྡམས་ནས་མྱ་ངན་ཞུས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་དྲན་གསོ་ཞུས་པ་རེད།

    ཟླ་9ཚེས་18ཉིན་གྱི་ཆུ་ཚོད་9དང་སྐར་མ་18ཙམ་ལ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་གྱི་བདུན་གསུམ་གཅིག་དམག་དཔུང་གི་ཉེས་དཔང་སྒྲིག་གཤོམ་ཁང་གི་ཐང་ཆེན་དུ“ལོ་རྒྱུས་སེམས་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེར་གཅེས་སྤྲས་བྱེད། འབྱུང་འགྱུར་ཧུར་ཐག་གཏོད”ཅེས་པའི་ཧེ་ལུང་ཅང་ཞིང་ཆེན་དང་ཧར་པིན་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་དགུ་པའི་བཅོ་བརྒྱད་བརྗེད་མི་རུང་བའི་བརྗོད་དོན་གཙོ་བོའི་དཔེ་སྟོན་བྱེད་སྒོ་སྤེལ་བ་རེད། ཧར་པིན་རོལ་དབྱངས་སློབ་གླིང་གི་སློབ་མས་བརྩེ་དུང་ཟབ་མོའི་སྒོ་ནས《སུང་ཧྭ་ཅང་གཙང་པོའི་སྟེང》ཞེས་པའི་གླུ་གཞས་བླངས་པ་དང་། ཧེ་ལུང་ཅང་ཞིང་ཆེན་ན་གཞོན་གཙོ་ཁྲིད་དགེ་རྒན་ཚོགས་པའི་གཙོ་ཁྲིད་དགེ་རྒན་དང་བྱང་ཤར་རི་འགོག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐབ་འཛིང་པ་རྒན་གྲས་ལི་མིན་གྱི་ཚ་མོ་ཁྲེན་ཁྲེན་གྱིས་བྱང་ཤར་རི་འགོག་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔོན་དམག་རྣམས་ཀྱིས་རང་སྲོག་བློས་བཏང་ནས་རི་པིན་ཇག་དམག་ལ་འགོག་རྒོལ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གླེང་ཡོད། ཧེ་ལུང་ཅང་སློབ་ཆེན་གྱི་སློབ་མས《གལ་ཏེ་ང་རང་ལོ་རབས་དེར་འཚོ་བ་སྐྱེལ་གྱི་ཡོད་ན》ཞེས་པ་གྱེར་འདོན་བྱས་ཏེ་ན་གཞོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད། དེ་རྗེས་མི་སྣ་ཚང་མ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་གྱི་བདུན་གསུམ་གཅིག་དམག་དཔུང་གི་ཉེས་དཔང་སྒྲིག་གཤོམ་ཁང་དུ་བསྐྱོད་ནས་ལྟ་སྐོར་བྱས་པ་རེད། ཉིན་དེར་བྱང་ཤར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གིས“ལོ་རྒྱུས་སེམས་ལ་བརྟན་པོར་ངེས། དགུ་པའི་བཅོ་བརྒྱད་བརྗེད་མི་རུང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་ནས་མི་རྣམས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཤིང་། ལོ་རྒྱུས་ཁྲོད་ནས་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།

    ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་ཀྲའོ་ཧྲང་ཀྲི་དྲན་གསོ་ཁང་གི་མདུན་དུ་མི་རྣམས་ཀྱིས་མེ་ཏོག་སི་ར་ཕུལ་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་པ་དང་། ཏན་ཏུང་གྲོང་ཁྱེར་ལིའོ་ཏུང་སློབ་གླིང་དུ་བྱང་ཤར་རི་འགོག་མཉམ་འབྲེལ་དམག་གིས་རི་བོ་དང་ཆུ་འགྲམ་དུ་ཁྲག་བཏོན་དམར་འཛིང་བྱས་པའི་ལོ་རྒྱུས་ཀྱི་འདྲ་པར་100ལྷག་ཙམ་གྱིས་ལྟད་མོ་བ་མི་ཉུང་བ་ཞིག་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

    ཚེས་18ཉིན། ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་ཧོན་ཐའེ་རྫོང་གློག་འདོན་སྡེ་ཚན་གྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཙི་པོ་གྲོང་ཁྱེར་ཧེ་ཐེ་ཧྲན་རི་འགོག་དྲག་པོའི་འོས་ལངས་དྲན་གསོ་ཁང་དུ་བསྐྱོད་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་རེད། ཧེ་ཐེ་ཧྲན་འོས་ལངས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཧྲན་ཏུང་གི་རི་འགོག་དྲག་པོའི་འོས་ལངས་གྲགས་ཅན་གྱི་གྲས་ཤིག་རེད། བྱེད་སྒོའི་ཁྲོད་ཚང་མས་ལོ་རྒྱུས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད། ཅི་ནན་གྲོང་ཁྱེར་ལི་ཁྲེང་ཆུས་ཧུང་ཅ་ལོའུ་སློབ་ཆུང་གསུམ་པས“གསར་བརྗེའི་སྙིང་སྟོབས་བྱིས་པའི་སེམས་ལ་ཟུག་པར་བྱེད། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་ལྷག་བསམ་ཡིད་ལ་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    ཚེས་18ཉིན་གྱི་སྔ་དྲོར། ཅང་ཤིས་ཞིང་ཆེན་ནན་ཁྲང་གི་ཤིན་སི་ཅུན་གྱི་ཅུན་པུའུ་གནས་ཡུལ་རྙིང་པའི་འགྲེམས་ཁང་དུ་གཟི་ཉམས་ལྡན་པ་དང“ལོ་རྒྱུས་བརྗེད་མི་རུང་། ཞི་བདེར་གཅེས་སྤྲས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་ནན་ཁྲང་འགག་སྒོ་དང་། སྦྲག་སྲིད། སློབ་གྲྭ་འབྲིང་ཆུང་མང་པོ་ནས་ཡོང་བའི་འཐུས་མི་ཁྱོན་200ཙམ་ཞུགས་ཡོད། ཆུ་ཚོད་བཅུ་པ་ཙམ་ལ་མཁའ་ཟོན་ཉེན་བརྡ་གྲགས་ནས་མི་ཚང་མ་མགོ་བོ་བསྒུར་ཏེ་གུས་སྟབས་ཀྱིས་ལངས། བྱེད་སྒོའི་ཁྲོད་ཚང་མས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་མེ་ཏོག་སི་ར་ཕུལ་ཏེ་མྱ་ངན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ནན་ཁྲང་གྲོང་ཁྱེར་ཀྲན་ཆན་ལམ་སློབ་གྲྭའི་སློབ་གསོ་ཚོགས་པའི་ཡུན་ཧྥེ་ལམ་སློབ་ཁུལ་གྱི་སློབ་མ་ཡའོ་དབྱིས“རླབས་ཆེན་གྱི་རི་འགོག་སྙིང་སྟོབས་རྒྱུན་འཛིན་གྱིས་སློབ་སྦྱོང་ཡག་པོ་དང་སྤྱོད་ལམ་ཡག་པོ་ཆགས་པར་བྱས་ཏེ། མ་འོངས་པར་ཤེས་ཡོན་དངོས་ལ་བརྟེན་ནས་མེས་རྒྱལ་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།