དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་ཁག་བཅུ་ལ་དབྱེ་སྟེ། ལོ་རྒྱུས་ཐོག་ཀྲུང་དབྱང་སྲིད་དབང་གིས་ཤིན་ཅང་བཅོས་སྐྱོང་བྱས་པའི་འདུ་ཤེས་ཀྱི་ཉམས་མྱོང་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཤིན་ཅང་བཅོས་སྐྱོང་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱིས་ཤིན་སྐྱོང་གི་རྣམ་པ་གསར་པ་བཏོད་པ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་མཐུན་སྦྱོར་མཉམ་སྤེལ། རིག་གནས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་སོང་བ། ཤིན་ཅང་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་འདུས་པ་བཅས་ཡིན་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། དུས་རབས་གསར་པར་སླེབས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་། ཇུས་འགོད། བཀོད་སྒྲིག་བཅས་བྱས་ནས་ཤིན་ཅང་བཅོས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་པ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་གཏན་འཁེལ་བྱས་ཏེ། ཤིན་ཅང་གི་ལས་དོན་རྙོག་འཛིང་ཆེ་བའི་ཁྲོད་དུ་གཞུང་འཁྱོངས་གསར་འབྱེད་དང་འགལ་བ་དང་ཉེན་ཁའི་ཁྲོད་རྒྱལ་ཁ་བླངས་ནས་མདུན་ཕྱོགས་སུ་སྐྱོད་པར་སྣེ་ཁྲིད་བྱས་ཏེ། ཤིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱིས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཡོང་བའི་ཁྲིད་སྟོན་གྱིས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཤིན་ཅང་གི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལམ་བུ་ཡང་དག་ཅིག་རྙེད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། ད་ལོ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་གི་བརྗིད་ཉམས་ལྡན་པའི་ལག་ལེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་རླབས་པོ་ཆེའི་ཁྲོད་དུ་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱིས་སྟོབས་ཤུགས་ཆེན་པོ་མུ་མཐུད་མངོན་ངེས་ཡིན་ལ། རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་འགྲོ་ངེས་རེད། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོའི་ཤིན་ཅང་གི་འཕེལ་རྒྱས་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན་པ་དང་། ཀྲུང་གོའི་ཤིན་ཅང་གི་འབྱུང་འགྱུར་ལ་དེ་བས་འོད་སྟོང་འཕྲོ་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།