དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱི་འབོར་ཁྲི་1734.8ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-20

    ● ཟླ་བ་8པའི་ཟླ་མཇུག་བར་རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(གློག་སྣོན་མགོ)ཀྱི་སྤྱི་འབོར་ཁྲི་1734.8ཟིན་པ་དེ་དུས་མཚུངས་ལས་53.5%འཕར་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པ་ལྟར་ན། ཟླ་བ་8པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(གློག་སྣོན་མགོ)ཀྱི་སྤྱི་འབོར་ཁྲི་1734.8ཟིན་པ་དེ་དུས་མཚུངས་ལས་53.5%འཕར་ཡོད།

    དེའི་ཁྲོད་སྤྱི་པའི་གློག་གསོག་སྒྲིག་བཀོད(གློག་སྣོན་མགོ)ཁྲི་431.6ཟིན་པ་དེ་དུས་མཚུངས་ལས་37.8%འཕར་བ་དང་། སྤྱི་པའི་གློག་སྡོང་གི་ཚད་བཅད་ནུས་ཚད་སྤྱི་འབོར་ཆན་ཝ་དུང་ཕྱུར་1.96ཟིན་པ་དང་ཆ་སྙོམས་ནུས་ཚད་ཆན་ཝ་45.48ཡིན། མི་སྒེར་གྱི་གློག་གསོག་སྒྲིག་བཀོད(གློག་སྣོན་མགོ)ཁྲི་1303.2ཟིན་པ་དེ་དུས་མཚུངས་ལས་59.6%འཕར་བ་དང་། མི་སྒེར་གྱི་གློག་གསོག་སྒྲིག་བཀོད་ཀྱི་ཞུ་བསྒར་གློག་སྤྱོད་ཤོང་ཚད་ཆན་ཧྥུའུ་ཨན་དུང་ཕྱུར་1.15ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།