ཟླ་བ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་32ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ནས། ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཐེངས་11127བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས་7.7%འཕར་ནས། རྒྱལ་ཡོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་བརྟན་པོ་དང་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།
རྒྱལ་སྒྲོལ་འགྲུལ་སྐྱེལ་ཐད། ཟླ་བ་དང་པོ་ནས་བརྒྱད་པའི་བར། ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་དང་ཀྲུང་ལོའི་མེ་འཁོར་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་2115དང་ཁྲི་17.4སོ་སོར་སྐྱེལ་འདྲེན་བྱས་ཡོད། ཡུལ་སྐོར་མེ་འཁོར་ཐད། ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་ཐེངས་1551བཏང་བ་དེ་དུས་མཚུངས་ལས་26.1%འཕར་ནས། ཡུལ་སྐོར་དཔལ་འབྱོར་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཅུང་ཡག་པོ་ཞུས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།