དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་གྱི་ཚོགས་ཆེན་ སྐབས་ལྔ་པ་ཧང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-20

     ཟླ་9ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚན་རྩལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འདེགས་སྐྱོར་དང་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་གྱི་ཚོགས་ཆེན་སྐབས་ལྔ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཧོ་ཧུང་ཕིང་གིས་ཀྲུང་གོ་ཚན་རིག་ཁང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་འགན་ཁུར་བའི་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་གྱི་ཚོགས་ཆེན་སྐབས་ལྔ་པ་ཟླ་9པའི་ཚེས་22ནས་25ཉིན་བར་ཀྲེ་ཅང་ཧང་ཀྲོའུ་རུ་འཚོག་རྒྱུ་རེད་ཅེས་ངོ་སྤྲོད་བྱས། དེ་ནི་ལོ་བཅུ་ལ་སྐབས་གཅིག་འཚོག་པའི་ཚོགས་ཆེན་དེ་ཨེ་ཤེ་ཡར་ཐོག་མར་འཚོགས་པ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཞུགས་མང་ཤོས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན།

    ཧོ་ཧུང་ཕིང་གིས་ངོ་སྤྲོད་བྱས་པར། སྔོན་དཔག་བྱས་ན་སྐབས་འདིའི་ཚོགས་ཆེན་ལ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་150ལྷག་ཙམ་དང་ས་ཁུལ་གྱི་འཐུས་མི་4000ཙམ་ཞུགས་རྒྱུ་རེད། ཚོགས་ཆེན་གྱིས《མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མི་དང་སྐྱེ་དངོས་མུ་ཁྱུད་ཀྱི་འཆར་གཞི་དང་། དེ་བཞིན་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་གྱི་དྲ་རྒྱའི་ཧང་ཀྲོའུ་འཐབ་ཇུས་བྱ་སྤྱོད་འཆར་གཞི(2026ལོ་ནས་2035ལོའི་བར)》ཁྱབ་བསྒྲགས་བྱ་རྒྱུ་དང་། འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་འཆར་འགོད་བཟོ་རྒྱུ་མ་ཟད། ད་དུང《ཧང་ཀྲོའུ་བསྒྲགས་གཏམ》ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་སྐྱེ་ཁམས་ཁོར་ཡུག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་ཀྱང་བྱ་རྒྱུ་རེད།

    སྐྱེ་ཁམས་ཁོར་ཡུག་པུའུ་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་སིའི་སི་ཀྲང་ཀྲང་ཡུས་ཅུན་གྱིས། “ཁུན་མིང་ནས་མོང་ཐེ་ལིར་བར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིས”གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ལ་འཆར་གཞི་བཀོད་ཡོད། ཀྲུང་གོས་སྒྲོམ་གཞི་དེའི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཚན་རྩལ་འདེགས་སྐྱོར་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད། དཔེར་ན། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ལྟ་འདོམས་ལས་སྟེགས་ལ་བརྟེན་པ་དང་། སྲུང་སྐར་རྒྱང་ཚོར་དང་། མི་མེད་གནམ་གྲུ མི་ཐབས་རིག་ནུས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཚད་གཞི་མང་པོ་དང་རིམ་པ་མང་པོའི་ཐོག་ནས་གྲངས་གཞི་འཚོལ་བསྡུ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་རང་བཞིན་གྱི་བརྟག་དཔྱད་དང་ལྟ་དཔྱད་ཚད་འཇལ་གྱི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་ལྟ་བུ་རེད་ཅེས་ངོ་སྤྲོད་བྱས།

    རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་བསྟན་དོན། རང་བྱུང་སྲུང་སྐྱོང་ཁུལ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོན་རྟགས་གལ་ཆེན་ཞིག་རེད། དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཁྲོད་གནས་བབ་གལ་ཆེན་ཐོག་གནས་པར་གཞིགས་ནས། ཀྲུང་གོས་མཐོ་གསར་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་སྔར་བས་འདོན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི“སྲུང་སྐར་དང་། མི་མེད་གནམ་གྲུ ས་ངོས་བཅས་ལ་ལྟ་དཔྱད་ཚད་འཇལ”གྱི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་ཧུར་ཐག་བསྐྲུན་པ། སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་དཔྱད་དཔོག་དང་། དངོས་རིགས་གཙོ་བོར་ལྟ་ཞིབ་ཚད་ལེན། མིའི་རིགས་ཀྱི་བྱེད་སྒོར་དོ་དམ་ཚོད་འཛིན། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་སོགས་ཐད་ནུས་པ་གལ་ཆེན་བཏོན་པས། སྲུང་སྐྱོང་འཛུགས་སྐྲུན་དོ་དམ་གྱི་ནུས་ཕྱོད་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།