དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧན་གོའི་ཅི་ཀྲོའུ་ཏའོ་སྲིད་གཞུང་གིས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པ་4ལ་གཟི་བརྗིད་མཚན་སྙན་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧན་གོའི་ཅི་ཀྲོའུ་དམིགས་བསལ་རང་སྐྱོང་ཏའོ་སྲིད་གཞུང་གིས་ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་33འཁོར་བར་རྟེན་འབྲེལ་ཞུ་བའི“ཀྲུང་གོ་དང་ཧན་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཅི་ཀྲོའུ་རྒྱལ་སྤྱིའི་སྤེལ་རེས་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོར་ད་ལོའི་ཟླ་5པར་ཉེན་ཁར་གྱར་བའི་ཅི་ཀྲོའུ་ཉ་གྲུ་སྐྱོབ་མཁན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པའི་འཐུས་མི་4ལ“གཟི་བརྗིད་ཏའོ་དམངས”ཞེས་པའི་མཚན་སྙན་སྤྲད་པ་རེད།

    “ཀྲུང་གོ་དང་ཧན་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཅི་ཀྲོའུ་རྒྱལ་སྤྱིའི་སྤེལ་རེས་གཟའ་འཁོར”ནི་ཅི་ཀྲོའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་ཅི་ཀྲོའུ་དམིགས་བསལ་རང་སྐྱོང་ཏའོ་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཚེས་16ཉིན་གྱི་འགོ་ཚུགས་མཛད་སྒོར་ཅི་ཀྲོའུ་ཏའོ་ཡི་ཀྲེ་ཧྲི་དཔོན་ཝུའུ་ལན་ཤུན་གྱིས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པའི་འཐུས་མི་ཧྥང་ལེང་དང་། ཀུའོ་ཕེང་། ཝུའུ་ཀྲེན་ཝེ། ལི་ཙི་རུའེ་བཅས་ལ་གཟི་བརྗིད་ཏའོ་དམངས་ལག་ཁྱེར་སྤྲད་པ་མ་ཟད། ཅི་ཀྲོའུ་ཏའོ་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་ལན་ཤུན་གྱིས། རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་ཉེན་རྟོག་པའི་མཉམ་འབྲེལ་རོགས་སྐྱོབ་ནི་ཧན་ཀྲུང་མཛའ་གྲོགས་འབྲེལ་བ་དང་དེ་བཞིན་ཅི་ཀྲོའུ་དང་ཀྲུང་གོའི་དབར་འབྲེལ་བ་ཟབ་པའི་མཚོན་རྟགས་ཤིག་ཡིན་ཞེས་བརྗོད་པ་རེད།

    ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ད་ལོའི་ཟླ་5པར་ཀྲུང་གོའི་ཉེ་འགྲམ་གྱི་མཚོ་ཐོག་ཏུ་ཅི་ཀྲོའུ་ཡི་ཉ་གྲུ་ཞིག་ལ་གློ་བུར་དུ་ཉེན་ཁ་འཕྲད་པས། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་རོགས་སྐྱོབ་ཧུར་ཐག་བྱས་ཏེ་གྲུ་པ་8ཚང་མ་བདེ་བླག་ངང་བསྐྱབས་པ་རེད། “མི་སེམས་དྲོ་བའི་གཏམ་རྒྱུད་འདི་ལྟ་བུ་ནི་ཀྲུང་གོ་དང་ཧན་གོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་མཚོན་ཚུལ་དངོས་རེད”ཅེས་བརྗོད་པ་རེད། ཏའེ་པིང་གིས་ད་དུང་ཚེས་11ཉིན་ཀྲུང་གོའི་སྤྱི་དམངས་སྐྱོབ་པའི་བརྒྱུད་རིམ་ནང་རང་སྲོག་ཤོར་བའི་ཧན་གོའི་རེན་ཁྲོན་མཚོ་ཐོག་ཉེན་རྟོག་ཧྲུའུ་ཡི་ཉེན་རྟོག་དཔོན་ལི་ཙའེ་ཧྲུའོ་ཡི་སྐོར་གླེང་བ་མ་ཟད། ཁོང་ལ་གདུང་སེམས་དྲག་པོས་མྱ་ངན་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།