དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོར་ཀྲེ་ཅང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་1000ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-20

    ཟླ་9ཚེས་17ཉིན་གྱི་ཉིན་དགུང་། ཀྲེ་ཅང་དབྱི་ཝུའུ་འབབ་ཚུགས་ནུབ་མར་ཉེར་མཁོའི་དངོས་ཟོག་སྣ་འཛོམས་དང་། གློག་ཆས་ཀྱི་ལྷུ་ལག་ཆེ་གྲས། ནུས་རྒྱུ་གསར་པའི་སྒྲིག་ཆས་སོགས་ཕྱིར་གཏོང་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་དལ་གྱིས་ཐོན་ནས་ལམ་ཐག་སྤྱི་ལེ་ཁྲི་ལྷག་ཙམ་ཡོད་པའི་ཨུ་རུ་སུའི་ཕྱོགས་སུ་བསྐྱོད། དེ་ལས་2025ལོར་ཀྲེ་ཅང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར(ཨེ་ཤེ་ཡ་དབུས་མའི་ཕྱོགས་ཚུད་པ)གཏོང་ཐེངས་1000ལས་བརྒལ་བ་མཚོན་གྱི་ཡོད།

    ཧྲང་ཧའེ་ལྕགས་ལམ་ཚོགས་པ་ཟོག་འགྲུལ་བྱ་གཞག་པུའུ་ཡི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་ཀྲེ་ཅང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་མུ་མཐུད་མང་དུ་ཕྱིན་པ་དང་། ན་ནིང་དང་བསྡུར་ན་ཟླ་བ་གཅིག་གི་སྔ་སྣུར་དུ་མེ་འཁོར་གཏོང་ཐེངས་1000ལས་བརྒལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།