དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཉིས་པས་དགའ་བསུའི་སྟོན་མོ་བཤམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-20

    ཚེས་17ཉིན་གྱི་དགོང་མོར་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཉིས་པས་དགའ་བསུའི་སྟོན་མོ་བཤམས་ཏེ། གླེང་སྟེགས་ལ་ཞུགས་མཁན་ཀྲུང་ཕྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཀྲང་ཡིའུ་ཞ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བརྗིད་ཆེའི་ངང་བཏོན་གནང་བ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་འཐབ་ཇུས་ཀྱི་ཁྲིད་སྟོན་མཁོ་འདོན་གནང་ཡོད། ང་ཚོས་ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་གིས་ཞི་བདེ་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས། མཉམ་ལས་གཉིས་ཁེའི་གདེང་ཚོད་བརྟན་དུ་གཏོང་བ་དང་། པེ་ཅིང་ཤང་ཧྲན་གླེང་སྟེགས་ཀྱི་ལས་སྟེགས་འདི་བེད་སྤྱོད་ཡག་པོ་བྱེད་པ། “རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་བ་དང་། ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར”དམིགས་ནས་ཕན་ཚུན་གྲོས་མོལ་བྱེད་པ། མཛའ་གྲོགས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ་དང་། འདྲ་མཉམ་ངང་གླེང་མོལ་གྲོས་མོལ་བྱེད་པ། བདེ་འཇགས་ཇུས་ཆེན་གྲོས་མོལ་ལྷུག་པོ་བྱེད་པ། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ། འཛམ་གླིང་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཀྲང་ཡིའུ་ཞ་ཡིས་གསུངས་དོན། ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་གཟབ་རྒྱས་ལས་འཛམ་གླིང་ལ་ཀྲུང་གོའི་དམག་དཔུང་སྟོབས་ཆེར་སོང་བ་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་སྟོབས་ཆེར་ཕྱིན་པ་སླར་ཡང་གསལ་སྟོན་བྱས་པ་དང་། འཛམ་གླིང་ལ་དྲང་བདེན་དང་། ཞི་བདེ། མི་དམངས་བཅས་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་འབོད་སྒྲ་དྲག་པོ་སླར་ཡང་བསྒྲགས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ཀྲུང་གོའི་དམག་དཔུང་གིས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་དམག་དོན་སྤེལ་རེས་མཉམ་ལས་ཟབ་ཏུ་དང་རྒྱ་སྐྱེད་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་རོགས་ལས་ཆེན་པོར་བརྟེན་ནས་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་བཅག་སྟེ། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།