ཀྲུང་གོའི་སྙན་ངག་པ་པུ་ཆ་རེ་སི་ཐེ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཅོ་ལྔ་པའི་གྱེར་འདོན་འདུ་ཚོགས་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཆ་རེ་སི་ཐེ་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་དགོང་མོ་ནས་ཚེས་17ཉིན་གྱི་དགོང་མོ་བར་པུ་ཆ་རེ་སི་ཐེ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཅོ་ལྔ་པའི་ཀྲུང་གོའི་སྙན་ངག་པ་ཞུགས་པའི་སྙན་ངག་གྱེར་འདོན་འདུ་ཚོགས་ཆེ་གྲས་རོ་མ་ནི་ཡའི་རྒྱལ་ཁབ་རྩོམ་རིག་རྟེན་མཛོད་ཁང་དང་ཀྲུང་དབྱང་དཔེ་མཛོད་ཁང་དུ་གཉེར་བ་རེད།
གྱེར་འདོན་འདུ་ཚོགས་ཐོག ཀྲུང་གོའི་སྙན་ངག་པ་དང་རོ་མ་ནི་ཡ་དང་། ཕོར་ཐིའུ་ཀལ། སུའེ་ཏེན། ཨ་རི། དབྱི་ཐ་ལི་སོགས་རྒྱལ་ཁབ་ནས་ཡོང་བའི་གྲགས་ཅན་སྙན་ངག་པ་ཚོས་ཐུན་མོང་ཐོག་ས་ཡུལ་དངོས་ཀྱི་ལྟད་མོ་བར་སྐད་ཡིག་དང་རིག་གནས་ལས་བརྒལ་བའི་སྙན་ངག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
རོ་མ་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཀྲང་ལི་ལི་ཡིས་ཤིས་ཚིག་སྒྲོན་སྐབས། སྙན་ངག་ནི་རྒྱལ་མཚམས་ལས་བརྒལ་བའི་སེམས་འབྲེལ་ཟམ་པ་ལྟ་བུ་རེད། སྐབས་འདིའི་སྙན་ངག་དུས་ཆེན་ལ་ཀྲུང་གོའི་སྙན་ངག་པས་རང་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་བརྩམས་པའི་སྙན་ངག་ལས་ཀྲུང་གོའི་དེང་རབས་རྩོམ་རིག་གི་གསོན་ཤུགས་དང་སྣ་མང་རང་བཞིན་མངོན་པ་མ་ཟད། རྒྱལ་ཁབ་ཁག་གི་སྙན་ངག་པ་དང་མཉམ་འགུལ་ཧུར་ཐག་བྱས་ཏེ་རིག་གནས་སྤེལ་རེས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་ཡང་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།