རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོགས་པ།
ཚེས་15ཉིན། རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་གིས་གཙོ་སྐྱོང་བྱས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་བྱས་པ་རེད།
ཝང་ཞའོ་ཧུང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་བསྟར་ཧུར་ཐག་བྱས་ནས། ས་ཁོངས་བདེ་འཇགས་བཅོས་སྐྱོང་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ། རྫ་ཆུ་དང་མེ་ཀུང་གཙང་པོའི་ཕྱོགས་བསྡུས་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ལྟེ་གནས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ཁྲིམས་སྒྱུར་ནུས་པ་ཐུན་མོང་ཐོག་ཆེ་རུ་གཏོང་བ། མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་གཏོང་དང་བདེ་འཇགས་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ། ཞི་བདེ་དང་། ལྷིང་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དེ་བས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
ཚོགས་འདུར《རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》དང《མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་འཆམ་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།