ཨན་ཧུའེ་ཡི་སྨན་པས་བོད་དུ་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱེད་པ།
ཨན་ཧུའེ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སྙིང་ནད་ཁྲག་རྩའི་ཕྱི་བཅོས་ཚན་ཁག་དང་། སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག སྙིང་ནད་སྒྲ་རླབས་བརྙན་པར་ལྟེ་གནས་སོགས་ཚན་ཁག་ལས་གྲུབ་པའི་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་ལས་དོན་རུ་ཁག་གིས་མཚོ་སྨད་རྫོང་གི་བྱིས་པ་24ལ་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱས་པ་དང་། ནད་གཞི་ཕོག་པའི་བྱིས་པར་དབྱེ་འབྱེད་གནད་སྨིན་བྱས་ཏེ་གོམ་སྟབས་རྗེས་མའི་སྨན་བཅོས་ལ་གྲ་སྒྲིག་བྱས། ཨན་ཧུའེ་ཞིང་ཆེན་གྱིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་དང་སྐྱོབ་བཅོས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་པའི་སྨན་བཅོས་སྒྲིག་གཞི་ཡིན་པའི་ཆ་ནས་ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་2012ལོ་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1750ལྷག་ཙམ་ལ་དབྱེ་བཤེར་བྱས་པ་དང་ནད་གཞི་ཕོག་པའི་བྱིས་པ་40ལྷག་ཙམ་ལ་སྐྱོབ་བཅོས་ནུས་ལྡན་བྱས་པ་རེད། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ལྟེ་བའི་སྨན་ཁང་དུ་ཨན་ཧུའེ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སྨན་པས་བྱིས་པ་ཞིག་ལ་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།