རང་ལྗོངས་ཀྱིས་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་སྙིང་སྟོབས་སྒྲོག་འགྲེལ་གྱི་སྐོར་སྐྱོད་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་གོའི་ཕུགས་འདུན·ངལ་རྩོལ་གྱི་མཛེས་པ——བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲང་། མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་སྙིང་སྟོབས་སྒྲོག་འགྲེལ་གྱི་སྐོར་སྐྱོད་བྱེད་སྒོ་སྔ་རྗེས་སུ་བོད་ལྗོངས་ལག་ཤེས་སློབ་གླིང་དང་བོད་ལྗོངས་རྡོ་ཐ་ཀུང་སིར་སྤེལ་ཏེ། གཞོན་ནུ་སློབ་མ་དང་ལས་བཟོ་མང་ཚོགས་ལ་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་བརྒྱུད་སྤྲོད་བྱས་པ་རེད།
བྱེད་སྒོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་པེ་ཅིང་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་ཁ་ལོ་བ་ཁྲང་ཧུང་ཞ་དང་། རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་བ་དང་ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཆེད་འགན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ཟུར་པ་ཀྲང་པའོ་གོ བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཡེ་ཤེས་སྒྲོལ་མ་བཅས་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་སྒྲོག་འགྲེལ་པ་གསུམ་གདན་འདྲེན་ཞུས་ཤིང་། ཁོང་ཚོས་རང་ཉིད་ཀྱི་མྱོང་ཚོར་གླེང་ནས“གནས་གཅེས་ལས་ཞེན་དང་། རྩེ་གྲ་གཏོད་པ། དཀའ་སྤྱད་འབད་བརྩོན། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་གཉེར་བ། ལེགས་སྐྱེས་ཧུར་ཐག་འབུལ་བའི”དུས་རབས་གསར་པའི་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་གསལ་འགྲེལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།