གྲོས་འགོ་དང་དུ་ལེན། བཟའ་བཅའི་བདེ་འཇགས་སྲུང་།
—— གཞིས་རྩེ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་གསར་སྤེལ་བྱས་པ།
བཟའ་བཅའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དོ་ཁུར་བྱེད་སར་དམིགས་ནས། “དམངས་ཀྱི་གྲོས་འགོ་དང་དུ་ལེན། བཟའ་བཅའི་བདེ་འཇགས་མཉམ་དུ་བཅོས”ཞེས་པའི་བཟའ་བཅའི་བདེ་འཇགས་དང་འབྲེལ་བའི་འཁོར་སྦྲེལ་ཧྲིལ་པོའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་གསར་དུ་སྤེལ་ཞིང་། བཟའ་བཅའི་བདེ་འཇགས་ལ་ལྟ་བ་དང་། བཟའ་བཅའི་བདེ་འཇགས་སྐོར་ལ་གྲོས་བསྡུར། བཟའ་བཅའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི“བྱེད་ཐབས་ཁག་གསུམ”བརྒྱུད། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲཌ་དང་། ས་ཡུལ་དངོས་སུ་ལྟ་སྐུལ། ལྟ་འདོམས་ཁྲིམས་སྒྱུར། རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད། ཡོངས་བསྒྲགས་ཁས་ལེན། དཔེ་མཚོན་ཁྲིད་སྟོན། གླེང་མང་བའི་གནད་དོན་ལ་ལན་སློག་པ། ཕན་འབྲས་ལ་ཞིབ་བཤེར་བཅས་ཀྱི་ལས་ཀའི་བྱེད་ཐབས་ཁག་བརྒྱད་སྤྱད་དེ། ཆ་འཕྲིན་གྱི་བཀག་རྒྱ་གཏོར་བ་དང་། བྱེད་སྒོར་ཞུགས་པའི་ཐབས་ལམ་ཤར་བགྲོད། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་ཡག་པོ་བཅས་བྱས་པས། “ཚང་མས་སེམས་ཁུར་དང་། ཚང་མ་ཞུགས་པ། ཚང་མར་ཕན་པ་ཐོབ་པ”བཅས་ཀྱི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གྲུབ་ཡོད།
གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ནོར་སྲིད་ཅུས་སོགས་ལས་ཁུངས་ཟ་ཁང་དུ་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་འཐུས་མི་ཚོས་ལྟ་སྐོར་ནན་ཏན་བྱས་ནས། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་། གསོག་ཉར། ལས་སྣོན། མ་དཔེ་ཉར་འཇོག་སོགས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་མ་ཟད། ས་ཡུལ་དངོས་ཀྱི་གཙང་སྦྲ་འཕྲོད་བསྟེན་དང་། སྒྲིག་བཀོད་སྒྲིག་ཆས་འཁོར་སྐྱོད། བཟའ་བཅའི་སྦྱོར་རྟ་བྱེད་སྟངས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། འཐུས་མི་ཚོས་བཞོན་མ་གསོ་སྤེལ་རྟེན་གཞི་དང་ནས་འདེབས་འཛུགས་རྟེན་གཞི་སོགས་སུ་ཁེ་ལས་ཀྱིས་རྒྱུ་ཆ་ཉོ་སྒྲུབ་དང་། ཐོན་སྐྱེད་ལས་སྣོན། སྤུས་ཚད་ཞིབ་དཔྱད་ཚད་ལེན་བཅས་ནས་ཐོན་རྫས་གསོག་འཇོག་དང་ཟོག་འགྲེམས་སྐྱེལ་འདྲེན་སོགས་བར་གྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དོ་དམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་དངོས་སུ་ཚོར་བར་བྱས་ཡོད། གཞན་ཡང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་སུའོ་རུ་འཐུས་མི་ཚོས་མ་དཔེ་བདག་སྤྲོད་ཁང་དང་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་སོགས་བྱེད་ནུས་ས་ཁོངས་ཁག་ལ་རིམ་པ་བཞིན་ལྟ་སྐོར་བྱས་ཏེ། ས་ཁོངས་ཁག་གི་ལས་ཀའི་འགན་ནུས་དང་། ཞིབ་དཔྱད་ཚད་ལེན་སྒྲིག་ཆས། དེ་བཞིན་བརྟག་དཔྱད་ཡོ་ཆས་ཀྱི་འཁོར་སྐྱོད་བརྒྱུད་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། དེང་རབས་ཀྱི་ཞིབ་དཔྱད་ཚད་ལེན་ལག་རྩལ་ལ་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
བཟའ་བཅའི་ཞིབ་དཔྱད་ཚད་ལེན་ལས་ཁུངས་དང་། སློབ་གྲྭ་དང་ཁེ་ལས་ཀྱི་ཟ་ཁང་། བཟའ་བཅའ་ཐོན་སྐྱེད་ཁེ་ལས། སློབ་གྲྭའི་བཟའ་བཅའི་རྒྱུ་ཆ་མཁོ་འདོན་བྱེད་མཁན་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནས་གང་སར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་འཐབ་ས་དང་པོར་སྤྱི་དམངས་དངོས་སུ་ཞུགས་ཐུབ་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒོ་དབྱེའི་རྣམ་པ་དང་བྱེད་སྒོར་ཞུགས་སྟངས་ཇུས་འགོད་ཞིབ་ཚགས་བྱས་ཏེ། “ལྟ་འདོམས་བྱེད་མཁན་དང་ལྟ་འདོམས་བྱ་ཡུལ”ཕྱོགས་རྐྱང་པའི་འབྲེལ་གཏུག་བྱེད་སྟངས་མེད་པར་བཟོས་ནས། བྱེད་པོ་མང་པོ་ཕན་ཚུན་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་སའི་ཕྱོགས་བསྡུས་ལས་སྟེགས་ཤིག་བསྐྲུན་ཡོད།
ས་ཡུལ་དངོས་སུ་ལྟ་བ་དང་། འདྲི་བ། གྲོས་བསྡུར་བྱེད་པ་བཅས་དང་། དེ་བཞིན་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་གྱི་འཕེལ་རིམ་གསལ་སྟོན་གང་མགྱོགས་བྱེད་པ་དང་། ཐབ་ཚང་གི“5G+རིག་ནུས་ལྟ་འདོམས”ཀྱི་དྲ་ཐོག་ལྟ་འདོམས། ཁེ་ལས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་མ་ལག་ངོ་སྤྲོད་སོགས་རེ་རེ་ལས་ཆེད་ལས་ཀྱི་ལྟ་འདོམས་བརྒྱུད་རིམ་དངོས་སུ་ཤེས་ཚོར་ཐུབ་ནས། སྤྱི་དམངས་ཀྱི་བཟའ་བཅའི་བདེ་འཇགས་ཐད་ཀྱི་ཆ་འཕྲིན་གྱི་སྟོང་ཆ་བསྐངས་ཡོད།
སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ནི“ལྟ་སྐོར་དང་ཐོ་འགོད”བྱེད་པ་ཙམ་གྱི་སྟབས་བདེ་ཅན་ཞིག་མ་ཡིན་པར། བརྒྱུད་རིམ་ཅན་གྱི་ལས་ཀའི་བྱེད་ཐབས་བརྒྱུད། “བལྟས” རྗེས་ཀྱི་མྱོང་ཚོར་ངོ་མ་གླེང་བའི་བསམ་བློའི་སྤེལ་རེས་སུ་བསྒྱུར་བ་དང་། དེ་རྗེས“སྐུལ་འདེད”ཀྱི་བྱ་སྤྱོད་དངོས་སུ་དོན་འཁྱོལ་ཐུབ་པར་བྱས་ཏེ། གདུབ་ཟུམ་བཅོས་སྐྱོང་གི་འཁོར་འབྲེལ་ཞིག་ཆགས་པར་བྱེད་རྒྱུ་དེ་རེད།
ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། བྱེད་སྒོ་སྤེལ་རིང་བཟའ་བཅའི་བདེ་འཇགས་རྒྱུན་ཤེས་ལ་འགྲེལ་བཤད་དང་། དཔེ་མཚོན་གྱོད་དཔེར་དབྱེ་ཞིབ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གསལ་འགྲེལ་བྱེད་པ་སོགས་ཀྱི་ནང་དོན་མཉམ་འདྲེས་བྱས་ཏེ། རིགས་གཅིག་མཁས་ཅན་གྱིས་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། དྲི་བ་དྲིས་ལན་སོགས་ཀྱི་རྣམ་པ་བརྒྱུད། སྤྱི་དམངས་ཀྱིས་བཟའ་བཅའི་བདེ་འཇགས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་ཟབ་ཏུ་བཏང་སྟེ།“བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས”མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
བྱེད་སྒོ་ཐེངས་ལྔའི་ནང་ཁྱོན་བསམ་འཆར་དང་གྲོས་འགོ་ཁག་32བསྡུ་རུབ་བྱས་པ་དེ་དག་བཟའ་བཅའི་འབྱུང་ཁུངས་རྗེས་འདེད་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས། དེ་དག་ཚང་མ་ལེགས་སྒྲིག་བྱས་ཡོད།
བྱེད་སྒོ་ཐེངས་ལྔའི་ནང་། རིམ་རྩིས་བརྒྱབ་ན་དོགས་གནད་100ལྷག་ཙམ་ལ་ལན་བཏབ་ཅིང་། དབང་གྲགས་ལྡན་པའི་ལན་བཏབ་པ་བརྒྱུད། སྤྱི་དམངས་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་བརྗོད་དོན་ནི“སྒོ་འབྱེད་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་དང་། བྱེད་སྒོར་ཞུགས་ནས་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་སྒོའི་གྲུབ་འབྲས་དག་དངོས་དངོས་རྗེན་རྗེན་གྱི་བཅོས་སྐྱོང་གི་ཕན་ནུས་ལ་སྒྱུར་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། མང་ཚོགས་ལ་བཟའ་བཅའི་བདེ་འཇཌ་བཅོས་སྐྱོང་གི་འགྱུར་ལྡོག་གསར་པ་ཚོར་དུ་བཅུག་ཡོད།
འབྲེལ་ཡོད་གསར་འགྱུར།