དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ཆེད་དོན་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

     ཉེ་ཆར། ལྗོངས་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ཆེད་དོན་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། ས་ཁུལ(གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་དང་འབྲེལ་ཡོད་ཚན་པས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་ཡག་པོ་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭའི་མི་སྣ་གསོ་སྐྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་སྣེ་ཁྲིད་ནས་འགན་ཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་མི་སྣ་གསོ་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། ན་སོ་དར་ལ་མ་བབས་པའི་མིའི་རིག་གནས་དྲིལ་བསྒྲགས་ལས་སྟེགས་དང་གཞི་རྟེན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་རིག་གནས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་འཚར་ལོངས་ཡོང་བར་རིག་གནས་ཀྱི་འཚོ་བཅུད་དེ་བས་མང་བ་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།