དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྟག་ཞིབ་ཞིབ་འཇུག་བྱ་གཞི་གཙོ་བོའི་གྲུབ་འབྲས་སྙན་སེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

    ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་2025ལོའི་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྟག་ཞིབ་ཞིབ་འཇུག་བྱ་གཞི་གཙོ་བོའི་གྲུབ་འབྲས་སྙན་སེང་ཚོགས་འདུ་འཚོགས་ཏེ། ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་དང་། བརྟག་ཞིབ་ཀྱི་གྲུབ་འབྲས་དེ་ལས་དོན་སྤེལ་སྟངས་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་དངོས་སྒྲུབ་བྱ་ཐབས་སུ་སྒྱུར་བར་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ཞིབ་འཇུག་བྱ་གཞི་ཚོགས་ཆུང་ཁག་གི་བརྟག་ཞིབ་གནས་ཚུལ་གྱི་སྙན་སེང་གསན་རྗེས་ནན་བཤད་གནང་དོན། རྩ་འཛུགས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་རྩ་འཛུགས་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་བརྒྱབ་ནས། བརྟག་དཔྱད་ཞིབ་འཇུག་གི་ཆབ་སྲིད་ཀྱི་ཚུགས་གནས་དང་དུས་རབས་ཀྱི་གནས་ས་དེ་བས་མཐོ་རུ་གཏོང་དགོས། “ངེས་གནས་དང་། གནས་བབ། ནུས་པ”བཅས་ཀྱི་གཏན་ཚིགས་ཀྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་། “ཚད་གཞི་འཛུགས་པ་དང་། ཚད་གཞི་དང་བསྡུར་བ། ཚད་གཞིར་སླེབས་པ”བཅས་ཀྱི་ལས་ཀའི་བྱེད་ཐབས་ཡག་པོ་སྤྱོད་པ། “གཞི་ཆེ་དང་། གཞི་འབྲིང་། གཞི་ཆུང”བཅས་ཀྱི་རིམ་པ་མི་འདྲ་བར་དམིགས་པ། “གནད་དོན་དང་། གྲུབ་ཆ། ཐབས་ཇུས”བཅས་ཀྱི་མ་ལག་རང་བཞིན་གྱི་བསམ་གཞིག་མཐའ་འཁྱོངས་བཅས་བྱས་ཏེ། གོང་རིམ་གྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། གཤམ་འོག་གི་གནས་ཚུལ་ལ་རྒྱུས་མངའ་ལོན་པ། ཕྱི་ཕྱོགས་ཀྱི་གནས་ཚུལ་དཔྱད་གཞིར་འཛིན་པ་བཅས་ཀྱི་རྨང་གཞིའི་ཐོག གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་དང་གྲོས་འགོ་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།