དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་དང་པོ་ནས་བརྒྱད་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ཟླ་བ་དང་པོ་ནས་བརྒྱད་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དཀའ་གནད་དང་འགག་གནད་ཀྱི་གནད་དོན་ཐག་གཅོད་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རེན་ཝེ་ཡིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་བརྒྱབ་སྟེ། འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཤིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྔོན་དཔག་དང་མཐུན་པས། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་འགྲུབ་པར་རྨང་གཞི་ཡག་པོ་བཏིང་ཡོད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་འཁུར་ཕོད་པ་དང་དཀའ་ངལ་དང་དུ་ལེན་ཕོད་པའི་བློ་སྟོབས་ལ་བརྟེན་ནས། ལས་འགན་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པར་དམ་འཛིན་ཡག་པོ་བྱེད་དགོས། མཇུག་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། སྲིད་ཇུས་ཀྱི་ཕན་ནུས་ཡག་པོ་འདོན་པ་དང་། འཛད་སྤྱོད་རྒྱུན་མཐུད་འཕེལ་བ། ཐབས་ལམ་མང་པོ་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་ཞིབ་ཚགས་བཅས་བྱས་ཏེ། མང་ཚོགས་ཀྱིས་འཛད་སྤྱོད་བྱེད་ཐུབ་པ་དང་། འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་བྱེད་འདོད་པ་བཅས་ཡོང་བར་བྱེད་དགོས། ཁྱད་ལྡན་ཐོན་ལས་དེ་བས་ལེགས་སུ་དང་སྟོབས་ཆེར་བཏང་ནས། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བ་བཅས་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།