མངའ་རིས་ཀྱི་2025ལོའི་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་འོས་སྦྱོར་བྱེད་སྒོ་ཧྲི་ཅ་ཀྲོང་དུ་སྤེལ་བ།
ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་བོད་ལྗོངས་མངའ་རིས་ཀྱི་2025ལོའི་རིག་གནས་ཡུལ་སྐོར་ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་པར་གཞི་རྩེ་གྲས་དང་། ཐོན་ཁུངས་འོས་སྦྱོར་ཞིབ་ཕྲ། ཆེད་ལས་ཀྱི་སྲིད་ཇུས་སྒྲོག་འགྲེལ། སྤུས་ལེགས་ཀྱི་རིག་གནས་བསམ་བཀོད་འགྲེམས་སྟོན། ཡུལ་སྐོར་མཛེས་ལྗོངས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཚོགས་ཞུགས་སྐུ་མགྲོན་ཚོར“མཁའ་དབྱིངས་ཀྱི་མངའ་རིས”ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། དྲ་ཐོག་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་1200ལས་བརྒལ་བ་དང་། མཉམ་ལས་གལ་ཆེན་མང་པོར་ས་ཡུལ་དངོས་སུ་མིང་རྟགས་བཀོད་ཡོད། མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁེ་ལས་མང་པོ་དང་མཉམ་ལས་གྲོས་མཐུན་རབ་དང་རིམ་པ་བཞག་པའི་ནང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་། རིག་གནས་བསམ་བཀོད་ཐོན་རྫས་ཁྱབ་གདལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཚོགས་ཞུགས་ཁེ་ལས་མང་པོས་མངའ་རིས་སུ་རྟོག་ཞིབ་དང་མཉམ་ལས་བྱེད་པའི་འདོད་བློ་མཚོན་པར་བྱས་ཏེ། རྗེས་མཐུད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།