མཚོ་སྔོན་གྱིས་བྱ་ཐབས་ལྔར་བརྟེན་ནས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
● མཚོ་སྔོན་གྱིས་སྣ་མང་ཅན་གྱི་གསར་གཏོད་ལ་དམ་འཛིན་བྱས་ཏེ“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། སྤྱི་ཚོགས་མཐུན་སྦྱོར”བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་གསར་གཏོད་བྱས་ནས་རྒྱལ་ཁབ་ཀྱི་ནགས་རྩྭའི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་སྔར་བས་བརྩོན་ལེན་བྱེད་པ་དང་། གཞུང་ཁོངས་ཁེ་ལས་དང་སྤྱི་ཚོགས་མ་རྩ་བྱེ་འགོག་བྱེ་བཅོས་ནང་གཏོང་རྒྱུར་ལྕག་སྐུལ་བྱེད་པ། ལམ་བུར་བརྟེན་ནས་བྱེ་བཅོས་དང་། འོད་ཤུགས་ལ་བརྟེན་ནས་བྱེ་བཅོས། ཐོན་ལས་ལ་བརྟེན་ནས་བྱེ་བཅོས་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་བཏང་ཡོད། “བྱེ་བཅོས”དང“ཕྱུག་འགྱུར”ལ་སྤྱི་འདོམས་བྱས་ནས་2025ལོར་ལག་བསྟར་བྱེད་པའི་ནགས་རྩྭའི་རྣམ་གྲངས་ཀྱིས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་ཁྲི་2.7ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་ངལ་ནུས་གླ་ཕོགས་སྒོར་དུང་ཕྱུར་2.16སྤྲད་ཡོད།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཟླ་བ་བཅུ་པའི་ཟླ་མཇུག་ལས་འགན་གྱི་མཚམས་ཚིགས་ལ་དམ་པོར་དམིགས་ནས་འགག་སྒྲོལ་བྱ་ཐབས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་ལྔའི་ཐད་ནས“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
ཚན་རིག་དང་མཐུན་པའི་འཆར་འགོད་ལ་འབྲེལ་མཐུད་དམ་ཟབ་བྱས་ཏེ“རྒྱལ་ཁབ་དང་ས་གནས་དང་། ཡུན་རིང་དང་དུས་ཐུང་། ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཀྲོའུ”བཅས་ཀྱི་འཆར་འགོད་འབྲེལ་མཐུད་ཀྱི་བླང་བྱ་གསུམ་ལ་གཞི་ཚུགས་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་གྱི་མཉམ་འགོག་མཉམ་བཅོས་དང་། མཚོ་སྔོན་པོ་སྐོར་བའི་བྱེ་འགོག་བྱེ་བཅོས། རྨ་ཆུའི་གཞུང་ཆུ་བཅོས་སྐྱོང་སོགས་རྣམ་གྲངས་གལ་ཆེན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། སྤུས་ཚད་ལེགས་གཏོང་དང་། ལས་དར། དམངས་ཕན་བཅས་ཀྱི“བྱང་གསུམ”རྣམ་གྲངས་ཁག་གཅིག་འཆར་འགོད་བཀོད་སྒྲིག་བྱས་ནས་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་བྱེད་ཆོག་པའི“བྱང་གསུམ”ལས་གྲྭའི་དཔེ་སྟོན་གྱི་དཔེ་མཚོན་ཁག་གཅིག་བཏོད་ཡོད།
ཚན་རྩལ་གྱི་འདེགས་སྐྱོར་སྣེ་ཁྲིད་ལ་དམ་འཛིན་བྱས་ཏེ་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་གི་ལེགས་ཆའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ཚན་རྩལ་གྱི་བྱེ་བཅོས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཐན་ཐུབ་ཀྱི་ས་བོན་སྐྱེད་སྲིང་དང་། བྱེ་འགྱུར་ས་ཞིང་ཉམས་གསོ། རིག་ལྡན་ནགས་རྩྭ་ལྟ་ཞིབ་ཚད་ལེན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་མཉམ་དུ་འགག་སྒྲོལ་བྱེད་པ། མི་མེད་གནམ་གྲུས་ས་བོན་བཤོ་བ་དང་སྐྱེ་དངོས་ཕྱི་ཤུན་གྱི་བྱེ་འཇགས་སོགས་སྔོན་ཐོན་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་ཁྱབ་གདལ་བཏང་ཡོད། དེས་མ་ཚད་བྱེ་བཅོས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐན་ཐུབ་དང་། གྲང་ཐུབ། བ་ཚྭ་ཐུབ་པའི་སྤུས་ལེགས་ཤིང་རིགས་དང་རྩྭ་རིགས་འདེམས་གསོའི་འཇུར་མིག་ལས་རྒྱུན་མཐུད་ཚད་བརྒལ་ཡོང་བར་བྱས་ཡོད།
སྣ་མང་ཅན་གྱི་གསར་གཏོད་ལ་དམ་འཛིན་བྱས་ཏེ“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། སྤྱི་ཚོགས་མཐུན་སྦྱོར”བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་གསར་གཏོད་བྱས་ནས་རྒྱལ་ཁབ་ཀྱི་ནགས་རྩྭའི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་སྔར་བས་བརྩོན་ལེན་བྱེད་པ་དང་། གཞུང་ཁོངས་ཁེ་ལས་དང་སྤྱི་ཚོགས་མ་རྩ་བྱེ་འགོག་བྱེ་བཅོས་ནང་གཏོང་རྒྱུར་ལྕག་སྐུལ་བྱེད་པ། ལམ་བུར་བརྟེན་ནས་བྱེ་བཅོས་དང་། འོད་ཤུགས་ལ་བརྟེན་ནས་བྱེ་བཅོས། ཐོན་ལས་ལ་བརྟེན་ནས་བྱེ་བཅོས་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་བཏང་ཡོད། “བྱེ་བཅོས”དང“ཕྱུག་འགྱུར”ལ་སྤྱི་འདོམས་བྱས་ནས་2025ལོར་ལག་བསྟར་བྱེད་པའི་ནགས་རྩྭའི་རྣམ་གྲངས་ཀྱིས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་ཁྲི་2.7ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་ངལ་ནུས་གླ་ཕོགས་སྒོར་དུང་ཕྱུར་2.16སྤྲད་ཡོད།
སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་དམ་ཟབ་བྱས་ནས་ལས་གྲྭའི་སྤུས་ཚད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་ར་བ་དང་རྩྭ་སོན་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། ལྗང་བུའི་སྤུས་ཚད་འཐེན་བཤེར་དང“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ཞིབ་བཤེར་མུ་མཐུད་སྤེལ་བ། “ར་བའི་ཕྱིར་ར་བ་གཉེར་བ”དང“ར་བའི་ཕྱིར་ནགས་བཟོ་བྱེད་པ”“ར་བའི་ཕྱིར་ནགས་ཚལ་ལ་དོ་དམ་བྱེད་པ”སོགས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་ལས་གྲྭའི་ཁུལ་དུ་སྐོར་སྲུང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད།
འགན་འཁྲི་དང་སྤྱོད་ཚུལ་འགན་སྲུང་ལ་དམ་འཛིན་བྱས་ཏེ་ནགས་དཔོན་ལམ་ལུགས་བརྒྱུད་ས་གནས་ཀྱི་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་བ་དང་། དམིགས་ཚད་དང་ལས་འགན་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱེད་པ། བྱེ་བཅོས་དངོས་རྫས་སྤྱི་འདོམས་བཀོད་གཏོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། “ཕྱོགས་བཞིའི”འགན་འཁྲི་སྔར་བས་ནན་དུ་གཏོང་བ་བཅས་བྱས་ཐོག་མ་དངུལ་བེད་སྤྱོད་ཀྱི་འགག་སྒོ་དང་། རྣམ་གྲངས་ལག་བསྟར་གྱི་འགག་སྒོ། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་བཅས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཕན་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།