དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་ཤེས་ཚོར”ནང་སོག་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་མོང་གོལ་རྒྱལ་ཁབ་ཏུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    ཟླ་9ཚེས་16ཉིན། “ཀྲུང་གོ་ཤེས་ཚོར”·ནང་སོག་རིག་གནས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང“ཀྲུང་མོང་མཛའ་གྲོགས་རྒྱུན་མཐུད་བྱེད། མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང”བའི་ཕྱོགས་བསྡུས་འགྲེམས་སྟོན་སྐབས་བཅུ་གསུམ་པ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཕྱོགས་བསྡུས་འགྲེམས་སྟོན་དེ་མཛའ་གྲོགས་དང་མཉམ་ལས་ལ་དམིགས་པ་དང་། “མཛའ་གྲོགས་ཀྱི་དཔང་པོ”དང་། “ཁྱིམ་མཚེས་མཛའ་མཐུན་གྱི་མཐོང་ཟུར”“སོག་པོའི་རྟའི་སྙིང་སྟོབས”སོགས་ཁག་7ལ་ཕྱེ་ཡོད། རིག་གནས་གཟའ་འཁོར་རིང་ད་དུང་ཀྲུང་གོའི་གློག་བརྙན་འགྲེམས་སྟོན་དང་ཕུལ་བྱུང་གི་ལྟ་ཉན་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    “ཀྲུང་གོ་ཤེས་ཚོར”ནང་སོག་རིག་གནས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་དེ་མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། མོང་གོལ་རྒྱལ་ཁབ་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་དང་གཞོན་ནུ་པུའུ། ཀྲུང་གོ་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། རིག་གནས་གཟའ་འཁོར་གྱི་བྱེད་སྒོ་དེ་ཟླ་9ཚེས་19ཉིན་བར་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།