དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མི་ཚོགས་པ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཚོགས་ཆེན་སྐབས་རེ་དགུ་པར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    གྲོང་ཁྱེར་ཝི་ཨེན་ན་ནས་གནས་ཚུལ་སྤེལ་བར། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་15ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི(IAEA)ཚོགས་ཆེན་སྐབས་རེ་དགུ་པ་ཨོ་སི་ཁྲུ་རི་ཡའི་གྲོང་ཁྱེར་ཝི་ཨེན་ནར་འཚོགས་པ་རེད། ཀྲུང་གོ་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཀྲུའུ་རེན་ཧྲན་ཀྲུང་ཏེས་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཚོགས་ཆེན་གྱི་སྤྱིར་བཏང་རྩོད་ཤགས་ཁྲོད་གཏམ་བཤད་ཀྱང་གནང་བ་རེད།

    ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིས་མིག་སྔའི་ཉིང་རྡུལ་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་དཀའ་ངལ་སེལ་བ་དང་རྡུལ་ཕྲན་ནུས་པའི་བྱ་གཞག་ཞི་བདེ་དང་། བདེ་འཇགས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། མིག་སྔར་ཉིང་རྡུལ་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་ཆབ་སྲིད་ཅན་དང་། དཔུང་ཁག་ཅན། འགྲན་རྒོལ་ཅན་སོགས་ཀྱི་འགྲན་སློང་མང་པོ་འཕྲད་བཞིན་ཡོད་མོད། འོན་ཀྱང་འཕེལ་རྒྱས་དང་མཉམ་ལས་ནི་སྔར་བཞིན་IAEAཡི་བརྗོད་དོན་གཙོ་བོ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།