དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའུ་ཡིས་བརྗོད་དོན།

    ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་ནུས་རྒྱུའི་མཉམ་ལས་བྱེད་པ་ནི་ལུགས་མཐུན་ཁྲིམས་མཐུན་ཞིག་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    ཚེས་15ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་ནུས་རྒྱུའི་མཉམ་ལས་བྱེད་པ་ནི་ལུགས་མཐུན་ཁྲིམས་མཐུན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་བྱུང་མ་བྱུང་ལ་ཀྲུང་གོ་ཁ་ལ་ཁྱེར་ནས་རྙོག་དྲ་ཤོད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ལ་ཁྲིམས་འགལ་ངང་ཕྱོགས་རྐྱང་པའི་བཀག་སྡོམ་དང“ཕྱག་རིང་བརྐྱངས་ནས་ཅེ་ཇུས”གང་བྱུང་དུ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨུ་རུ་སུའི་རྡོ་སྣུམ་ནང་འདྲེན་བྱས་པར་ཁ་གཡར་ནས་རྒྱལ་ཁབ་བདུན་གྱི་ཚོགས་པ་དང་བྱང་ཆིངས་ཁོངས་མིའི་རྒྱལ་ཁབ་ལ་མཉམ་དུ་ཀྲུང་གོར་སྒོ་ཁྲལ་སྣོན་བསྡུ་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་སྒྲིལ་བར་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ལིན་ཅན་གྱིས་བརྗོད་དོན། ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་ནུས་རྒྱུའི་མཉམ་ལས་བྱེད་པ་དེ་ལུགས་མཐུན་ཁྲིམས་མཐུན་ཞིག་རེད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་ནི་དཔེ་མཚོན་དུ་གྱུར་པའི་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་དང་དཔལ་འབྱོར་གྱི་བཙན་སྐུལ་ཞིག་ཡིན་པས། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་བརྟན་ལྷིང་ལ་འཇིགས་སྐུལ་བཟོས་ཡོད། བཙན་སྐུལ་དང་གནོན་ཤུགས་སྤྲད་པར་མི་སེམས་ཐོབ་ཐབས་མེད་ལ། གནད་དོན་ཐག་གཅོད་དེ་བས་ཀྱང་མི་ཐུབ་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད།

    ལིན་ཅན་གྱིས་བརྗོད་དོན། ཡུག་རེན་ཉམས་ཉེན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་པ་དང་། གླེང་མོལ་གྲོས་མོལ་ནི་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འབའ་ཞིག་དེ་ཡིན། ཉམས་ཉེན་ཐོན་པའི་ཉིན་དང་པོ་ནས་ཀྲུང་གོ་ཕྱོགས་ཀྱིས་ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་དང་བར་འདུམ་མཐུན་འཇུག་མཐའ་འཁྱོངས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།