དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པ་ཀ་ཏ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་ཉེར་དྲུག་པ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    འདི་ནི་ལྟ་སྐོར་བས་ཀྲུང་གོ་བརྗོད་དོན་དུ་བྱས་པའི་དཔེ་དེབ་ཀློག་བཞིན་པ།

    འདི་ནི་འགྲེམས་སྟོན་ཚོམས་ཆེན་ནང་གི་པ་པེ་ཐཱ་ཡི་འཇིམ་བརྙན་ཡིན་པ།

    ཉིན་ཤས་གོང་། པ་ཀ་ཏ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་ཉེར་དྲུག་པ་དབྱི་རག་གི་རྒྱལ་ས་པ་ཀ་ཏ་རུ་གཉེར་འགོ་ཚུགས་ཤིང་། དབྱི་རག་དང་། ཨ་རབ་ཀྱི་རྒྱལ་ཁབ་དང་ཡོ་རོབ་དང་ཨེ་ཤེ་ཡའི་ས་ཁུལ་སོགས་ཀྱི་རྒྱལ་ཁབ་གཞན་དག་གི་དཔེ་དེབ་པར་སྐྲུན་ཚོང་པ་600ལྷག་ཙམ་འགྲེམས་སྟོན་དེར་ཞུགས་ཡོད། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོ་དང་འབྲེལ་བའི་དཔེ་དེབ་མང་པོ་སྟོན་ཡོད་དེ། ཀྲུང་གོའི་དཔལ་འབྱོར་དང་། སྲོལ་རྒྱུན་རིག་གནས། ལག་ཤེས་བཟོ་རྩལ་སོགས་ཀྱི་རིགས་ཚུད་ཡོད། དཔེ་དེབ་འགྲེམས་སྟོན་དེ་ཟླ་9ཚེས་21ཉིན་བར་རྒྱུན་མཐུད་གཉེར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།