དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་ཡན་ཡོན་རྫོང་གི་མང་ཚོགས་ཀྱིས་རི་སྐོར་མཚོ་སྐོར་དུས་ཆེན་ལ་དགའ་བས་རོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    ཟླ་9ཚེས་16ཉིན། 2025ལོའི་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་ལུའུ་ཀུའུ་མཚེའུ་ཡི་རི་སྐོར་མཚོ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས་ཤིང་། རི་སྐོར་མཚོ་སྐོར་རྒྱག་པ་ནི་ལུའུ་ཀུའུ་མཚེའུ་ཡི་ཉེ་འགྲམ་དུ་འཚོ་སྡོད་བྱེད་པའི་མོ་སུའོ་བའི་དམངས་སྲོལ་བྱེད་སྒོ་གལ་ཆེན་ཞིག་རེད། ད་ལོ་ནས་བཟུང་། ལེང་ཧྲན་ཀྲོའུ་ཡིས་ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ་7ཚེས་25ཉིན་ནི“ལུའུ་ཀུའུ་མཚེའུ་ཡི་རི་སྐོར་མཚོ་སྐོར་དུས་ཆེན”ལ་དངོས་སུ་གཏན་འཁེལ་བྱས་པ་དང་འབྲེལ་ས་གནས་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་ཁོངས་སུ་བཅུག་ཡོད་པ་རེད།

    འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་གྲུར་བསྡད་ནས་ལུའུ་ཀུའུ་མཚེའུ་ཡི་བློ་ཝ་གྲུ་ཁ་ལྷོ་མ་ནས་མཚོ་སྐོར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།