དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲ་ནང་རྫོང་གིས་གཞི་རིམ་དྲ་མིག་པར་མཐུན་རྐྱེན་བསྐྲུན་ནས་བཅོས་སྐྱོང་གི“འཐབ་ས་དང་པོ”སྲ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉེ་ཆར་གྲ་ནང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་2025ལོའི་གཞི་རིམ་དྲ་མིག་པའི་ལས་སྒོའི་ཤེས་བྱའི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ཤིང་། ཤང(གྲོང་རྡལ)ཁག་གི་སྲིད་ཁྲིམས་ཨུ་ཡོན་དང་ཕྱོགས་བསྡུས་བཅོས་སྐྱོང་ཆེད་བསྐོས་ལས་བྱེད་པ་དང་། གྲོང་ཚོའི(སྡེ་ཁུལ)དྲ་དཔོན་དང་ཆེད་བསྐོས(གཅིག་ལྕོགས)དྲ་མིག་པ། དྲ་མིག་ཉེན་རྟོག་པ་བཅས་མི་144ལ་གཞི་རིམ་བཅོས་སྐྱོང་གི་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་ལྷོ་ཁ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་ཁང་། སྤྱི་བདེ་ཅུས་བཅས་ཀྱི་ལས་སྒོའི་རྐང་འཛིན་པ་སློབ་ཁྲིད་དང་གཙོ་ཁྲིད་དགེ་རྒན་ལ་གདན་དྲངས་ནས་གྱོད་དཔེར་འགྲེལ་བཤད་དང་དངོས་སྤྱོད་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་གཙོ་གནད་དང་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་མ་ལག་ཚད་ལྡན་བཀོལ་སྤྱོད་སོགས་ལྟེ་བའི་ནང་དོན་ལ་འགྲེལ་བཤད་བརྒྱབ་སྟེ་གསོ་སྦྱོང་ནང་ཞུགས་མཁན་གྱི་ལས་སྒོའི་ཞན་ཆ་སེལ་བ་དང་ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་རོགས་བྱས་ཡོད།

    གྲ་ནང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བས། དྲ་མིག་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དྲ་མིག་དོ་དམ་ལམ་སྲོལ་ལེགས་སུ་བཏང་སྟེ། གཞི་རིམ་གྱི་དྲ་མིག་པའི་ཞབས་ཞུའི་ནུས་པ་ཆེ་རུ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། གཞི་རིམ་བཅོས་སྐྱོང་ལ་དྲོད་ཚད་དང་ཕན་འབྲས་ལྡན་པར་བྱས་ཏེ་རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།