ཧའེ་ཁོའུ་ཡི་རྒྱ་མཚོའི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི་ཟོག་འདྲེན་རླངས་འཁོར་གླིང་ཕྲན་སྒྲོལ་བའི་བགྲོད་ལམ་ལེགས་སྒྲིག་བྱས་པ།
ཧའེ་ནན་ཧའེ་ཁོའུ་ཡི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི“ལམ་ཐིག་གཉིས་པའི་འགག་སྒོའི”(ཟོག་འདྲེན)གཅིག་སྡུད་ལྟ་བཤེར་བྱ་ཡུལ་ཚོད་ལྟའི་འཁོར་རྒྱུག་ལས་དོན་ཡག་པོ་སྒྲུབ་ཆེད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཁྲལ་སྡོམ་ལས་གཉེར་གྱི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཟླ་9ཚེས་15ཉིན་གྱི་ཆུ་ཚོད་9པ་ནས་བཟུང་། གཅིག་སྡུད་ལྟ་བཤེར་བྱ་ཡུལ་དེ་རྒྱ་མཚོའི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མ་ནས་སྒྲོལ་བའི་ཟོག་འདྲེན་རླངས་འཁོར་གྱི་གཅིག་སྡུད་གླིང་ཕྲན་སྒྲོལ་བའི་བགྲོད་ལམ་དུ་ལེགས་སྒྲིག་བྱས་ཤིང་། འདི་ནི་ཚེས་15ཉིན་གླིང་ཕྲན་སྒྲོལ་བའི་ཟོག་འདྲེན་རླངས་འཁོར་ཧའེ་ཁོའུ་རྒྱ་མཚོའི་གྲུ་ཁ་གསར་པ་དང་གྲུ་ཁ་ལྷོ་མའི“ལམ་ཐིག་གཉིས་པའི་འགག་སྒོའི”(ཟོག་འདྲེན)གཅིག་སྡུད་ལྟ་བཤེར་བྱ་ཡུལ་ནས་སྐྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།