ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གཙོ་གནད་གཤེར་ཁུའི་བཟའ་བཅའི་དབོར་འདྲེན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ ཐད་བསམ་འཆར་བསྡུ་ལེན་བྱས་པ།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《འགྲོ་ལམ་སིལ་བླུག་སྐྱེལ་འདྲེན་ཆོག་འཐུས་ལམ་ལུགས་ལག་བསྟར་བྱེད་པའི་གཙོ་གནད་གཤེར་ཁུའི་བཟའ་བཅའི་དཀར་ཆག(བསམ་འཆར་བསྡུ་ལེན་མ་ཟིན)》དང་། 《གཙོ་གནད་གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་དབོར་འདྲེན་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》 《གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་དབོར་འདྲེན་གྱི་མཉམ་འབྲེལ་འཛིན་ཡིག་དོ་དམ་ལས་ཀའི་ཚད་གཞི(བསམ་འཆར་བསྡུ་ལེན་མ་ཟིན)》བཅས་ལ་འཆར་ཟིན་བཀོད་དེ་གཙོ་གནད་གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་དབོར་འདྲེན་ལ་དབོར་འདྲེན་ཆོག་འཐུས་ཆོག་མཆན་དང་བརྒྱུད་རིམ་ཧྲིལ་པོའི་མཉམ་འབྲེལ་འཛིན་ཡིག་དོ་དམ་ལག་བསྟར་བྱས་ནས་དབོར་འདྲེན་གྱི་སྦགས་བཙོག་ཉེན་ཁ་ནན་འགོག་བྱས་ཏེ། ད་ལྟ་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད། གཏན་འབེབས་གསར་པ་ཁག་གསུམ་གྱི་དམིགས་ཡུལ་ནི་གཙོ་གནད་གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་དབོར་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་གཙོ་གནད་གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་སྐྱེལ་འདྲེན་ཆོག་མཆན་དང་ལྟ་འདོམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད་རེད།
བཟའ་བཅའི་དཀར་ཆག་ནང་དབོར་འདྲེན་ཆོག་འཐུས་རིགས་ཀྱི་ཁྱབ་ཁོངས་ཁ་གསལ་བཟོས་པ་དང་། དབོར་འདྲེན་ཆོག་འཐུས་དོ་དམ་ལག་བསྟར་བྱས་པའི་བཟའ་བཅའི་རིགས་དང་། དབོར་འདྲེན་བྱེད་སྟངས། དབོར་འདྲེན་ཆོག་འཐུས་དོ་དམ་ཐད་སྤྱད་ན་འཚམ་པའི་དབོར་འདྲེན་གྱི་སྣོད་ཆས་བཅས་ཀྱི་ཐད་གཏན་འབེབས་བྱས་ཡོད་པ་དང་། བཟའ་བཅའི་རྩི་ཤིང་སྣུམ་དང་། ཆང་རག་རིགས། གཤེར་ཁུའི་ཀྱི་བྲོ་རྫས། རྒུན་འབྲུམ་མངར་ཆ། མ་རྨོས་ལོ་ཏོག་གི་མངར་ཆ་སོགས་གཤེར་ཁུའི་བཟའ་བཅའི་འགྲོ་ལམ་སིལ་བླུག་དབོར་འདྲེན་ལ་དབོར་འདྲེན་ཆོག་འཐུས་ཆོག་མཆན་དོ་དམ་ལག་བསྟར་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།