ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་ཏེན་མག་ཏུ་འཚམས་འདྲིར་མངཌ་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ཕེན་ཧ་ཀེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་ཏེན་མག་གི་ཁོ་ཕེན་ཧ་ཀེན་དུ་འཚམས་འདྲིར་མངགས་ཏེ། ཀྲུང་ཡོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་། ཀྲུང་ཏེན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་གོ་སྐབས་སུ་བྱས་ནས། ཀྲུང་ཡོ་དང་ཀྲུང་ཏེན་གྱི་བཟོ་ཚོང་ལས་རིགས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་དང་། ཚོང་དོན་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུ་རེད།
འཚམས་འདྲི་བྱེད་རིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཚོགས་པའི་སྣེ་ཁྲིད་དེ། ཏེན་མག་གི་སྲིད་གཞུང་དང་ཚོང་དོན་ཁྱབ་ཁོངས་ཀྱི་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་དང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཏེན་མག་གི་སྲིད་གཞུང་དང་ཚོང་དོན་ཁྱབ་ཁོངས་དབར་ཆུ་ཚད་མཐོ་བའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས། ཀྲུང་ཡོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།