ཚོང་དོན་པུས།
ཨ་རི་ནས་ནང་འདྲེན་བྱས་པའི་འབྲེལ་ཡོད་འདྲ་བཟོས་ཉིང་ལྷེབ་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས། 2025ལོའི་ཟླ་9ཚེས་13ཉིན་ནས་བཟུང་། ཨ་རི་ནས་ནང་འདྲེན་བྱས་པའི་འབྲེལ་ཡོད་འདྲ་བཟོས་ཉིང་ལྷེབ་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
སྤྱི་བསྒྲགས་ནང་འཁོད་དོན། 2025ལོའི་ཟླ་7ཚེས་23ཉིན། ཚོང་དོན་པུའུ་ལ་ཅང་སུའུ་ཞིང་ཆེན་གློག་འདྲེན་ཕྱེད་གཟུགས་ལས་རིགས་མཐུན་ཚོགས་ཀྱིས་རྒྱལ་ནང་གི་འབྲེལ་ཡོད་འདྲ་བཟོས་ཉིང་ལྷེབ་ཐོན་ལས་ཀྱི་ཚབ་བྱས་ནས་དངོས་སུ་ཕུལ་བའི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་རེ་ཞུ་འབྱོར་ཞིང་། རེ་འདུན་ཞུ་མཁན་གྱིས་ཨ་རི་ནས་ནང་འདྲེན་བྱས་པའི་འབྲེལ་ཡོད་འདྲ་བཟོས་ཉིང་ལྷེབ་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་ཡོད། ཚོང་དོན་པུས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རེ་འདུན་ཞུ་མཁན་གྱི་ཐོབ་ཐང་དང་། བརྟག་དཔྱད་རེ་ཞུའི་ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ། ཀྲུང་གོའི་རིགས་མཐུན་ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ། བརྟག་དཔྱད་རེ་ཞུའི་ཐོན་རྫས་ཀྱིས་རྒྱལ་ནང་གི་ཐོན་ལས་ལ་ཐེབས་པའི་ཤུགས་རྐྱེན། བརྟག་དཔྱད་རེ་ཞུའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གནས་ཚུལ་སོགས་ལ་ཞིབ་དཔྱད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།