དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་དབྱི་ཝུའུ་ཡི་ལུས་རྩལ་མཁོ་ཆས་བྲིན་ཁ་རྒྱུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-18

    འདི་ནི་ཕྱི་རྒྱལ་གྱི་ཚོང་པས་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་གི་ཁུལ་གསུམ་པའི་ཚོང་ཁང་ནས་གཟེངས་རྟགས་དང་བྱ་དགའི་བུམ་པ་སོགས་ལུས་རྩལ་གྱི་མཁོ་ཆས་ཉོ་བཞིན་པ།

    འདི་ནི་དབྱི་ཝུའུ་ཡི་ལུས་རྩལ་མཁོ་ཆས་ཀུང་སི་ཞིག་གི་ལས་དོན་པས་མངགས་ཉོ་བྱས་པའི་རྐང་རྩེད་སྤོ་ལོ་བཟོ་བཞིན་པ།

    2026ལོའི་ཨ་རི་དང་། ཁ་ན་ཏ། མོ་ཞི་ཁོ་བཅས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་སོགས་ཀྱི་སྐུལ་ཁྲིད་འོག ཉེ་ཆར། “འཛམ་གླིང་གི་སྒོ་རྩིས་ཚོང་ཁང”དུ་གྲགས་པའི་ཀྲེ་ཅང་དབྱི་ཝུའུ་ཡི་ལུས་རྩལ་མཁོ་ཆས་བྲིན་ཁ་རྒྱུག་པོ་ཡོད་པ་རེད། དབྱི་ཝུའུ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། དབྱི་ཝུའུ་ཡི་ལུས་རྩལ་མཁོ་ཆས་དང་སྒྲིག་ཆས་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་67.8ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད། དེའི་ནང་ཨ་རི་དང་། ཁ་ན་ཏ། མོ་ཞི་ཁོ་བཅས་འཛམ་གླིང་བུམ་པའི་འགྲན་བསྡུར་གཙོ་གཉེར་རྒྱལ་ཁབ་གསུམ་དུ་ཕྱིར་གཏོང་གྲངས་འབོར་སྒོར་དུང་ཕྱུར་18.8ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།