དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཉམ་སྒྲོག་རོལ་ཚོགས་སིང་ཀ་ཕོར་དུ་ སྤེལ་རེས་འཁྲབ་སྟོན་ལ་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-18

    ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བ་དང་། སིང་ཀ་ཕོར་དུ་ཀྲུང་གོའི་རིག་གནས་ལྟེ་གནས་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོའི་མཉམ་སྒྲོག་རོལ་ཚོགས་ཀྱིས་གདན་ཞུས་ལྟར། 2025ལོའི་ཟླ་9ཚེས་7ནས་ཚེས་11ཉིན་བར། སིང་ཀ་ཕོར་དུ་རིག་གནས་སྤེལ་རེས་ཀྱི་འཁྲབ་སྟོན་བྱས་པ་རེད།

    ཀྲུང་གོའི་མཉམ་སྒྲོག་རོལ་ཚོགས་ཀྱིས་ཀྲུང་ཕྱིའི་སྒྱུ་རྩལ་མཁས་ཅན་དང་གར་སྟེགས་གཅིག་ཏུ་འཁྲབ་སྟོན་དང་། སློབ་དཔོན་ཆེ་མོའི་འཛིན་གྲྭའི་སློབ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད། རིམ་པ་མང་བ་དང་ཕྱོགས་བསྡུས་ཅན་གྱི་སྤེལ་རེས་མ་ལག་བཙུགས་ཏེ། རོལ་དབྱངས་ནི་ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སྤེལ་རེས་བྱེད་པའི་འབྲེལ་ཟམ་ལྟ་བུར་གྱུར་བར་བྱས་ནས། སྒྱུ་རྩལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཆེད་ལེའུ་གསར་རྐྱང་ཞིག་བརྩམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།