ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་45%འཕར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་15ཉིན་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་གསལ། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱུང་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་48.1ཟིན་པ་དེ་ན་ནིང་གི་དུས་མཚུངས(གཤམ་མཚུངས)ལས་45%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་42.8ཟིན་ནས་འཕར་ཚད་82.7%ཟིན་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5.3ཟིན་ནས་ཆག་ཚད་45.4%ཟིན་པས་ཕྱིར་གཏོང་དང་ནང་འདྲེན་གྱི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
དམངས་གཉེར་ཁེ་ལས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔུང་གི་གནས་བབ་བརྟན་པོ་བྱུང་ཞིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་199ཡིས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཉེར་བས་14.4%འཕར་ཡོད། དེའི་ནང་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྟན་པོ་འཕར་ནས་གྲངས་འབོར་184ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་28འཕར་བ་དང་འཕར་ཚད་17.9%ཟིན་པ་དེས་92.5%བཟུང་ཡོད། ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་42.2ཟིན་ནས་འཕར་ཚད་67.8%ཟིན་པ་དེས་དུས་མཚུངས་ལས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་87.7%བཟུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་བར་ལེགས་སྐྱེས་འབུལ་ཚད་114.1%ཟིན་ཡོད། དུས་མཚུངས་སུ། ཕྱི་རྒྱལ་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་གཞི་ཁྱོན་ཅུང་ཆུང་ནའང་འཕར་ཚད་ཅུང་མགྱོགས་ཤིང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་2121.4ཟིན་ཏེ་འཕར་ཚད་45.6%ཟིན་ཡོད་པ་རེད།
ཚོང་དོན་རོགས་ཟླ་གཙོ་བོའི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ(ས་ཁུལ)110དབར་ཚོང་དོན་འགྲོ་འོང་བྱས་ཡོད། དེའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་83གྱིས་75.5%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་11འཕར་ནས་འཕར་ཚད་15.3%ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་39.5ཟིན་ནས་འཕར་ཚད་61.3%ཟིན་པ། དུས་མཚུངས་ཡོ་རོབ་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཨུ་རུ་སུ་བཅས་ནི་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་ཡིན་པས། ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྱོན་སྒོར་དུང་ཕྱུར་34.1ཟིན་པ་དེས་ལྡབ་1.1འཕར་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་70.8%བཟུང་ཡོད། དེའི་ནང་ཡོ་རོབ་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཨུ་རུ་སུ་བཅས་སུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་22.2དང་། སྒོར་དུང་ཕྱུར་8.2 སྒོར་དུང་ཕྱུར་3.7བཅས་སོ་སོར་ཟིན་ཡོད། གཞན་ཡང་མཚོ་སྔོན་ཞིང་ཆེན་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དབར་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རྒྱ་ཁྱབ་ངང་སྤེལ་ནས་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.2ཟིན་ཏེ་འཕར་ཚད་82%ཟིན་ཡོད་པ་རེད།
ནུས་རྒྱུ་གསར་པའི་ཐོན་རྫས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ཤུགས་ཆེན་འཕར་བར་འདེགས་སྐྱོར་བྱས་ཤིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་ཐོན་རྫས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་20.9ཟིན་པ་དེས་ལྡབ་8འཕར་ནས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་48.9%བཟུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་འཕར་བར་ལེགས་སྐྱེས་འབུལ་ཚད་96%ཟིན་ཡོད། དེའི་ནང་ལིས་གྱེས་རྡུལ་གྱི་གློག་རྫས་གསོག་བྱེད་ཀྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19.7ཟིན་ནས་ལྡབ་9.7འཕར་ཡོད། འོད་ཤུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.2ཟིན་ནས་ལྡབ་1.6འཕར་ཡོད།
ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང“གྲང་གཉིས”ཚོང་ཟོག་ཕྱིར་གཏོང་གི་བཀྲག་མདངས་འཚེར་ས་མངོན་ཞིང་། ཕུན་སུམ་ཚོགས་པའི་ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ཏེ་ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་6.2ཟིན་ནས་ལྡབ་1.5འཕར་ཡོད། དེའི་ཁྲོད“རྨེ་རྒྱུད”ཀྱི་འབྲེལ་ཡོད་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.2ཟིན་ནས་ལྡབ་3.2འཕར་བ་དང་། རགས་དབྱིབས་རྣམ་པའི་ཁིལ་འདུས་ཁ་སིན་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.1ཟིན་ནས་ལྡབ་1.1འཕར་བ། ཐཱན་སྐྱུར་ནཱ(བུལ་ཏོག་སྤུས་ལྡན)ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.3ཟིན་ནས་ལྡབ་1.9འཕར་བ། སྲ་གཟུགས་ཆིང་དབྱང་ནཱ་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་0.6ཟིན་ནས་86.2%འཕར་ཡོད་པ་རེད།
དུས་མཚམས་དེའི་རིང“མཚོ་སྔོན”རྟགས་ཅན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་འཕར་བའི་རྣམ་པ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ(ས་ཁུལ)47ལ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5.3ཟིན་ནས་48.5%འཕར་བ་དང་། ཕྱིར་གཏོང་བྱས་པའི་ཞིང་ལས་ཐོན་རྫས་སྣ་ཁ་96ཟིན་པ་དེ་ན་ནིང་དུས་མཚུངས་ལས་སྣ་ཁ་55མང་དུ་སོང་ཡོད། དེའི་ནང་འཁྱགས་གཏོང་ཉ་ཙུན་ཡུས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.9ཟིན་ནས་ལྡབ་1.3འཕར་བ་དང་ཕྱིར་གཏོང་རིན་ཐང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདྲེ་ཚེར་མ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་1481.4ཟིན་ནས་28.8%འཕར་བ་དང་། སྔོ་ཚལ་སོས་པ་དང་འཁྱགས་གཏོང་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན་2267.4ཟིན་ནས་ལྡབ་1.4འཕར་བ། ཞོག་ཁོག་ཕྱིར་གཏོང་བྱེད་ཚད་ཏུན་3943.5ཟིན་ཞིང་ན་ནིང་གི་དུས་མཚུངས་སུ་ཞོག་ཁོག་ཕྱིར་གཏོང་བྱས་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།