དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གདོང་དམག་ཡག་པོ་ཞིག་བྱས་ནས་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཡག་པོ་འཁུར་གྱི་ཡིན།

    —— ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཆང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-18

    “སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལས། ང་ཚོར་དྲོ་སྐྱིད་ཟབ་མོ་ཚོར་བ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཆོད་སེམས་ཡོད་ལ་ཡིད་ཆེས་ཀྱང་ཡོད” ཉིན་ཤས་གོང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཆང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་ཀྱི་གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་གླེང་བ་རེད།

    དྲི་བ། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་དང་། མཛད་སྒོ་གཟབ་རྒྱས། བཀྲ་ཤིས་པའི་བྱ་བ་བཅས་བརྒྱུད་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ལ་གནས་ཡོད། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སས་བྱེད་ནུས་དང་ནུས་པ་གང་འདྲ་འདོན་དགོས་སམ།

    དྲིས་ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཚད་མཐོའི་ཐུགས་ཁུར་བཅས་གནང་བ་གང་ལེགས་མཚོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱ་རྒྱུར་གཞོལ་ནས། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་ཟབ་ཏུ་གཏོང་བ་དང་། རེ་བ་ནན་པོ་བློ་ལ་བརྟན་པོར་འཆང་བ། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཐོག“གདོང་དམག་བདུན”ཡག་པོ་བྱེད་པར་དམིགས་ཏེ“རྩ་དོན་བཞི”མཐའ་འཁྱོངས་བྱེད་པ་དང་། “འཐབ་ཇུས་བཞི”ལག་ལེན་བསྟར་བ། ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་བརྟན་པོར་འཁུར་བ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་ཁག་ལྷ་སར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན།

    འདྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོང་བོད་བརྟན་དང་བོད་དར་ཡོང་བ་བྱེད་པར་དང་ཐོག་བོད་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”པའི་ནན་བཤད་གནང་ཡོད། ལྷ་ས་གྲོང་ཁྱེར་གྱིས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་རྣམ་པ་སྲ་བརྟན་དུ་གཏོང་བའི་ཐད་ཞིབ་ཕྲའི་བྱ་ཐབས་གང་དག་བཏོན་ཡོད་དམ།

    དྲིས་ལན། མཐུན་སྒྲིལ་དང་བརྟན་ལྷིང་ནི་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་ལྟ་བུ་ཡིན་པས་ལྷ་ས་གྲོང་ཁྱེར་གྱིས་བདེ་སྡོད་ཉེན་བསམ་ཁྲོད་བརྟན་ལྷིང་གི་གཞི་རྩར་སྟངས་འཛིན་བྱ་རྒྱུ་ཡིན། མཚོ་བོད་ས་མཐོ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཐབ་ཇུས་ཀྱི་གཏིང་ཟབ་ས་ཞིག་ཡིན་པ་དང་། བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན། ང་ཚོས་བོད་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་དཀྲིས་པའི“དོན་ཆེན་བཞིའི”ཁྲོད་ཀྱི་དོན་ཆེན་དང་པོ། ལྷ་སའི་ལས་དོན་གྱི་ལས་འགན་ཨང་དང་པོ་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དུས་བབ་གསར་པ་དང་། འགྱུར་ལྡོག་གསར་པ། འཕེལ་ཕྱོགས་གསར་པ། ལས་འགན་གསར་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱུན་སྲིང་ལྷོད་མེད་ངང་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་ལ་འགན་ལེན། མཐུན་སྒྲིལ་ལ་སྐུལ་འདེད། བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་ཀྱི་ལྷོ་ནུབ་མཐའ་མཚམས་ཡག་པོ་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་རྒྱུ་ཡིན།

    འདྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་ནས་འགོ་བརྩམས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། ལྷ་སས་ཡུལ་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་རྒྱུ་ཡིན་ནམ།

    དྲིས་ལན། ལྷ་ས་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན། རྒྱལ་ནང་གི་གྲོང་ཁྱེར་གཞན་དག་དང་བསྡུར་ན། ལྷ་སའི་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་ཞན་པ། མི་འབོར་འདུས་ཚད་དམའ་བ། ངལ་རྩོལ་ནུས་ཤུགས་ཉུང་བ། ཁྲོམ་རའི་ཤོང་ཚད་ཆུང་བ། ཟོག་འགྲེམས་མ་གནས་མཐོ་བ་བཅས་ཡོད། ཐོན་ཁུངས་ལེགས་ཆའི་དམིགས་བསལ་རང་བཞིན་གྱིས་འཕེལ་རྒྱས་ཀྱི་དམིགས་བསལ་རང་བཞིན་གཏན་འཁེལ་བྱས་པ་དེ་ལས་ང་ཚོས་རྒྱལ་ནང་གི་གྲོང་ཁྱེར་གཞན་དག་གི་ཐོན་ལས་སྐྱེད་སྲིང་བྱེད་སྟངས་ལ་ཐད་ཀར་ལད་མོ་བྱེད་མི་རུང་བར། ངེས་པར་དུ་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་དང་། དགེ་སྐྱོན་གསབ་རེས་དང་ཡུལ་བབ་དང་བསྟུན་ཏེ“གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེ་གྲས་དགུ”བཅས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་དགོས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རང་རྟོགས་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། མིག་སྔའི་འཕེལ་རྒྱས་ཀྱི་འཇུར་མིག་དང་ཚོད་འཛིན་ལ་དམ་པོར་དམིགས་པ། “ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་བསྟར་བ་བཅས་བྱས་ཏེ་གྲོང་ཁྱེར་དེང་རབས་ཅན་དུ་སྒྱུར་མགྱོགས་སུ་གཏོང་བ་དང་། མ་འཇོག་དང་། རྣམ་གྲངས། ཐོན་ལས། འཛད་སྤྱོད། སྒྱུར་བཅོས། སྒོ་དབྱེ། གཞུང་ཁོངས་ཁེ་ལས། དམངས་འཚོ་བཅས་ལ་དམ་འཛིན་བྱེད་པའི་ཐད་ཤུགས་དེ་བས་མང་བ་དང་ཆེ་བ་བརྒྱབ་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་དང་། ས་བབ་ཀྱི་ལེགས་ཆ་དེ་ཁྲོམ་རའི་ལེགས་ཆར་སྒྱུར་བ། སྲིད་ཇུས་ཀྱི་ལེགས་ཆ་དེ་འགྲན་རྩོད་ཀྱི་ལེགས་ཆར་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ཐོག ལྷ་སའི་འཕེལ་རྒྱས་ཀྱི་ནུས་རིམ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ས་ཁུལ་དང་གྲོང་ཁྱེར་གཞན་དག་ལ་སྣེ་འདྲེན་དང་། ཁྱབ་འགྱེད། སྐུལ་ཁྲིད་བཅས་བྱས་ནས་ཐུན་མོང་འཕེལ་རྒྱས་དང་། གོམ་སྟབས་གཅིག་གྱུར། གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱ་རྒྱུ་ཡིན།

    འདྲི་བ། ཉེ་བའི་ལོ་ཤས་རིང་། ལྷ་སའི་གྲོང་ཁྱེར་གྱི་སྤུས་ཚད་དང་གཟུགས་བརྙན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དེ་ས་མཐོའི་གྲོང་ཁྱེར་འདིའི་མིང་བྱང་དུ་འགྱུར་བཞིན་ཡོད། སླད་ཕྱིན་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་ཐད་ལྷ་སས་བྱ་ཐབས་གསར་པ་གང་ཞིག་འདོན་རྒྱུ་ཡིན་ནམ།

    དྲིས་ལན། ལྷ་ས་གྲོང་ཁྱེར་གྱིས་སྒྱུར་བཅོས་གསར་གཏོད་ཁྲོད་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ཡིན། ཉེ་བའི་ལོ་གཉིས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོར་དམིགས་པ་དང་གྲོང་ཁྱེར་གྱི་ལས་ཀའི་སྤྱིར་བཏང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་དེ་ཡན་ལག་བཅོས་པ་ནས་རྩ་བ་བཅོས་པའི་བར་དང་། རགས་ལས་ནས་ཞིབ་ཕྲའི་བར། ཆ་ཤས་ནས་ཆ་ཚང་བར། འགུལ་མེད་ནས་འགུལ་རྣམ་བར་བཅས་ཀྱི་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་ཚོའི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད། ང་ཚོས་གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་འཛིན་ཕྱོགས་ལ་སྟངས་འཛིན་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་དང་རང་འགུལ་ངང་འཚམ་པར་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཟུང་འབྲེལ་བཅས་བྱས་ཏེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “ཆུ་བཟང་གྲོང་ཁྱེར”དང་། “སྔོ་ལྗང་གྲོང་ཁྱེར” “གྲངས་འཛིན་གྲོང་ཁྱེར”བཅས་རྒྱུན་མཐུད་འཛུགས་སྐྲུན་གཏིང་ཟབ་བྱེད་པ། གྲོང་ཁྱེར་སྤུས་ཚད་མཐོ་བའི་གསར་སྒྱུར་དང་། ཆུ་ཚད་མཐོ་བའི་གཉེར་སྐྱོང་། ཕན་འབྲས་ཆེ་བའི་བཅོས་སྐྱོང་བཅས་བྱེད་མགྱོགས་སུ་བཏང་ནས། ལྷ་ས་འདི་ཉིད“ཡུལ་དེ་གའི་མིར་སྤོབས་པ་སྐྱེ་བ་དང་ཡུལ་གཞན་གྱི་མིའི་བློ་ཁ་ཕྱོགས་སའི”ས་མཐོའི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་གསར་པ་དང་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་ཞིག་ཏུ་དངོས་སུ་བསྐྲུན་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།