རྒྱལ་ཡོངས་ཀྱི་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་བ།
ཉོ་སྒྲུབ་ཀྱི་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་མགྱོགས་པ།
2025ལོའི་དབྱར་འབྲུ་ཉོ་སྒྲུབ་མཇུག་བསྡུའི་དུས་མཚམས་སུ་སླེབས་ཤིང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་འབྲུ་རིགས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་གྲོ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་ནས་ཉོ་སྒྲུབ་ཕྱོགས་ཡོངས་ནས་བདེ་བླག་བྱུང་ཡོད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཧོ་ནན་དང་། ཨན་ཧུའེ། ཧོ་པེ། ཅང་སུའུ། ཧྲན་ཏུང་སོགས་སུ་སྔ་རྗེས་སུ་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་ལག་བསྟར་སྔོན་ཇུས་བྱེད་འགོ་བཙུགས་པ་དང་། ཀྲུང་གོ་འབྲུ་རིགས་གསོག་འཇོག་ཚོགས་པས་ཉོ་སྒྲུབ་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ཉོ་སྒྲུབ་མཛོད་ཁང་མང་དུ་བཏང་བ། མི་སྣ་དང་སྒྲིག་ཆས་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ། ས་གནས་ས་ཐོག་གི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། མིག་སྔར། རིམ་རྩིས་བརྒྱབ་ན་ཉོ་སྒྲུབ་རིན་གོང་དམའ་ཤོས་ཐོག་ནས་གྲོ་ཏུན་ཁྲི་1300ཉོ་སྒྲུབ་བྱས་ཏེ་ཞིང་པས“འབྲུ་རིགས་བཏབ་པ་འཚོང་ཐུབ་པའི”མཐའ་ཚད་བརྟན་པོར་བསྲུངས་ཡོད།
འབྲེལ་ཡོད་གསར་འགྱུར།