དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་ཉིན་ལྟར་འབྱུང་འཕྲོད་ཕྱིར་སྐྱོད་མཁན་ མི་ཐེངས་དུང་ཕྱུར་2ལྷག་ཙམ་ཟིན་པ།

    ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་80%ལྷག་ཙམ་བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-17

     གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་མང་པོས་མཉམ་དུ་སྤེལ་བའི་2025ལོའི་འབྱུང་འཕྲོད་ཕྱིར་སྐྱོད་ཀྱི་དྲིལ་བསྒྲགས་ཟླ་བ་དང་སྤྱི་སྤྱོད་ཕྱིར་སྐྱོད་ཀྱི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་སུ་མི་ཐེངས་དུང་ཕྱུར་2ལྷག་ཙམ་གྱིས་འབྱུང་འཕྲོད་ཕྱིར་སྐྱོད་གདམ་ག་བྱེད་ཀྱི་ཡོད། དེའི་ནང་ཉིན་ལྟར་མི་ཐེངས་དུང་ཕྱུར་1གིས་ལྕགས་ལམ་འགྲིམ་འགྲུལ་གདམ་ག་བྱེད་པ་དང་། མི་ཐེངས་དུང་ཕྱུར་1གིས་སྤྱི་སྤྱོད་རླངས་འཁོར་བསྡད་ནས་སྲང་ལམ་ཁག་ཏུ་སྐྱོད་པ། མི་ཐེངས་ཁྲི་2400ཡིས་སྤྱི་སྤྱོད་རྐང་འཁོར་བཏང་ནས་སྐྱོད་པ་བཅས་བྱས་པས། “སྤྱི་སྤྱོད་འགྲིམ་འགྲུལ་སྔོན་ལ་གདམ་ག་བྱེད་པ་དང་འབྱུང་འཕྲོད་ཕྱིར་སྐྱོད་བྱ་རྒྱུ”དེ་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་ཕྱིར་སྐྱོད་བྱེད་སྟངས་གཙོ་བོ་ཞིག་ཏུ་གྱུར་བཞིན་ཡོད་པ་རེད།

    ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ད་ཕན་ལོ་ཤས་རིང་། རང་རྒྱལ་དུ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་གློག་འཁོར་ཁྲི་65.8ཡོད་པའི་ནང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྲི་54.4ཟིན་པ་དེས་82.7%བཟུང་བ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་175ཟིན་པ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.1ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ལྟེ་བའི་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་འཁོར་ཕྱིར་སྐྱོད་བསྡུར་ཚད་དང་འབྱུང་འཕྲོད་ཕྱིར་སྐྱོད་ཀྱི་བསྡུར་ཚད་70%ལྷག་ཙམ་ཟིན་པའི་གྲོང་ཁྱེར་གྱི་གྲངས་འབོར་དང་གྲོང་ཁྱེར་སྤྱི་སྤྱོད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་བཟུང་ཚད་སོགས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།