དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་སྒོར་དུང་ཕྱུར་ཁྲི་13.46འཕར་བ།

    དངོས་ཚན་དཔལ་འབྱོར་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མངོན་གསལ་དོད་པོས་ཆག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེིའི་ཚགས་པར།   |     རྩོམ་པ་པོ།  ཝུའུ་ཆིའུ་ཡུས།   |     སྤེལ་དུས།  2025-09-17

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་སྒོར་དུང་ཕྱུར་ཁྲི་13.46འཕར་ཞིང་། ཟླ་བ་བརྒྱད་པའི་ཟླ་མཇུག་བར་རང་རྒྱལ་གྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་273.02ཟིན་ནས་དུས་མཚུངས་ལས་6.6%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་269.1ཟིན་ནས་དུས་མཚུངས་ལས་6.8%འཕར་བ་རེད།

    དངུལ་བུན་གྱི་གཞི་ཁྱོན་ལུགས་མཐུན་ངང་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་དུས་མཚུངས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་བ་བརྒྱད་པའི་ཟླ་མཇུག་བར་འབོར་ཉུང་ཀུན་ཕན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་35.20ཟིན་ནས་དུས་མཚུངས་ལས་11.8%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.87ཟིན་ནས་དུས་མཚུངས་ལས་8.6%འཕར་ཏེ་གོང་གསལ་གྱི་དངུལ་བུན་འཕར་ཚད་ཚང་མ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད་པ་རེད། དེ་དང་ཆབས་ཅིག དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཐོག་གི་ཆུ་ཚད་དམའ་བ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་བ་བརྒྱད་པར་ཁེ་ལས་ལ་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་3.1%ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་གཞི་ཐིག་40ཡིས་དམའ་བ་དང་མི་སྒེར་གྱི་སྡོད་ཁང་ཐད་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་3.1%ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་ཐིག་25ཙམ་གྱིས་དམའ་བ་ཡོད་སྟབས་དངོས་ཚན་དཔལ་འབྱོར་གྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མངོན་གསལ་དོད་པོས་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།