སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ་དང་གསོན་ཤུགས་རྒྱས་པར་བྱེད་པ།
—— རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཧུའུ་ཁྲུན་ལ་བཅར་འདྲི་ཞུས་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས་ལྗོངས་ཡོངས་ཀྱི་གཞུང་རྒྱུ་ཁོངས་གཏོགས་ཀྱིས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཧུའུ་ཁྲུན་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་དང་། ཁོང་གིས། ལྗོངས་ཡོངས་ཀྱི་གཞུང་རྒྱུ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་དང་ལེགས་གཏོང་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་བརྗོད།
དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་དུ་དོན་འཁྱོལ་ཇི་ལྟར་བྱེད་དགོས་སམ།
ལན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ་དང་འབྲེལ་མཐུད་བྱས་ནས་ལས་འགན་གྱི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ་དང་། རྩིས་ཁྲའི་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་ལག་ལེན་བསྟར་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་གཞུང་རྒྱུ་ཁོངས་གཏོགས་སུ་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་ཀྱི་ཡིན། དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་རྟོགས། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་སྤྱོད་པ་བཅས་དང་། ཟབ་ཏུ་གཏོང་བ་དང་། སེམས་རྒྱུད་ལ་འཇགས་པ། གཞན་སྒྱུར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་གོ་སྐབས་སུ་བརྩིས་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ཐོན་ཁུངས་ལས་སྣོན་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་སོགས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གཞུང་ཁོངས་དཔལ་འབྱོར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་སྔར་བས་ལེགས་པར་འདོན་གྱི་ཡིན།
དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་བླང་བྱ་ཞིབ་ཕྲ་བཏོན་གནང་ཡོད། རང་སྐྱོང་ལྗོངས་གཞུང་རྒྱུ་ཁོངས་གཏོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཇི་ལྟར་བསྟར་ཡོད་དམ།
ལན། ང་ཚོས་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ལྗང་མདོག་དང་ཐཱན་ཉུང་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ལྗང་མདོག་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལྗང་མདོག་དང་ཐཱན་ཉུང་གི་གསར་དར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་དང་ལྗོངས་ཁོངས་ཁེ་ལས་ཀྱི་གསར་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་དང་ལས་གྲྭ་ཨ་མ་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་ཨར་སྐྲུན། དུས་གཅིག་ཏུ་སྤྱོད་འགོ་འཛུགས་པ་བཅས་བྱས་ཏེ། བཙོག་འབུད་ཀྱི་ཚད་གཞི་ནན་ཤོས་ལག་ལེན་བསྟར་ནས་གཞུང་རྒྱུའི་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་གཏོང་གི་ཡོད། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་7.36བཏང་ནས་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་5.88ལེགས་སྒྲུབ་བྱས་པ་དེས་2022ལོ་དང་2023ལོའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་རྒྱ་ཁྱོན་གྱི་20.4%ཟིན་ཡོད།
དྲི་བ། བོད་ཀྱི་གཞུང་རྒྱུའི་གཞུང་ཁོངས་ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་བའི་ཁྲོད་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་སྟངས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ།
ལན། “གཞུང་ཁོངས་ཁེ་ལས་ནི་ཏང་གི་ཁེ་ལས་ཡིན་པས་གཞུང་ཁོངས་ཁེ་ལས་ཀྱིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས” གཞུང་རྒྱུའི་གཞུང་ཁོངས་ཁེ་ལས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོ་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། དཔེར་ན། ཉེ་བའི་ལོ་ལྔའི་རིང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཐེམ་ཐོ་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་ཁྲི་2.67མཁོ་འདོན་བྱས་པ་དང་མི་ཁྲི་1.09ལས་ཀར་བསྡུས་པ་དང་། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་དང་། ལྗོངས་ཁོངས་གཞུང་ཁོངས་ཁེ་ལས། ས་གནས(གྲོང་ཁྱེར)ཁག་གི་གཞུང་རྒྱུའི་གཞུང་ཁོངས་ཁེ་ལས་བཅས་ཀྱིས་བྱ་སྤྱོད་མྱུར་པོ་སྤེལ་ནས་རོགས་སྐྱོབ་སྟོབས་ཤུགས་མི་3333བཏང་བ་དང་། དངུལ་སྒོར་དུང་ཕྱུར་2.21དང་སྒོར་ཁྲི་9700རི་བའི་དངོས་རྫས་ཞལ་འདེབས་བརྒྱབ་པ་མ་ཟད། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་ཧུར་ཐག་ཞུགས་ཡོད།
དྲི་བ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་གཞུང་ཁོངས་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”ཡིན་པས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཇི་ལྟར་བྱས་ཡོད་དམ།
ལན། ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱུན་སྲིང་ལག་བསྟར་གཉིས”མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་དུ་བཏང་སྟེ་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་གི་ཡོད། གཅིག་ནས་ལམ་ལུགས་མཉམ་འདྲེས་བྱས་ཏེ། ལྟ་འདོམས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་སྒྲིག་སྲོལ་ནང་འཇུག་ཚད་100%རྒྱུན་འཁྱོངས་བྱེད་པ་དང་། ཏང་ཨུད་ཀྱི་སྔོན་ཚུད་ཞིབ་འཇུག་དོན་ཚན་གྱི་གསལ་ཐོ་སྟབས་བསྟུན་ངང་ལེགས་སུ་བཏང་སྟེ་ཇུས་ཐག་གལ་ཆེན་གཅོད་སྐབས་སྔོན་ལ“ཆབ་སྲིད་ཀྱི་འགག་སྒོ”བརྒྱུད་ཡོད། གཉིས་ནས་དཔྱད་ཞིབ་ཀྱི་སྐུལ་སློང་བྱས་ཏེ། ཏང་འཛུགས་སྐྱོང་གི་དཔྱད་ཞིབ་དབང་ཚད་5%ནས་20%བར་མཐོ་རུ་གཏོང་བ་དང་། འབྲས་བུ་དེ་གླ་ཆ་དང་བསྐོ་གཞག་དང་འབྲེལ་བ་དམ་དུ་བཏང་སྟེ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་རྗེས་ཆེ་ཤོས་ཡིན་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་ཐུབ་པ་ནི་འགན་འཛོལ་ཆེ་ཤོས་ཡིན་པ་དངོས་འབྲེལ་ཐུབ་པར་བྱས་ཡོད། གསུམ་ནས་སྤུས་རྟགས་ཀྱི་དཔེ་སྟོན་བྱས་ཏེ། “སྟོབས་ཆེན་ལྔ་དང་ཕུལ་བྱུང་ལྔའི”གསར་གཏོད་བརྩོན་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཡོད། བཞི་ནས་ལྟ་སྐུལ་གྱི་སྲུང་སྐྱེལ་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་དང་། དངོས་ཟོག་ཉོ་སྒྲུབ། ཕྱི་རྒྱལ་དུ་མ་འཇོག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ནང་ཁུལ་གྱི་དོ་དམ་དང་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་བཟང་སྤྱོད་བཟང་གི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད།
དྲི་བ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ནི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་ཡིན་པས། སྒྱུར་བཅོས་ཁྲིད་སྟོན་དུ་བྱས་ཏེ་གཞུང་ཁོངས་ཁེ་ལས་སྟོབས་ཆེ་རུ་དང་ལེགས་སུ་འགྲོ་བར་སྐུལ་འདེད་ཇི་ལྟར་བཏང་ཡོད་དམ།
ལན། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ན། ངེས་པར་དུ་སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ་དང་སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་རྒྱས་ཐབས་མཐའ་འཁྱོངས་བྱེད་དགོས། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་གཏོང་ལེགས་གཏོང་གི་བྱ་སྤྱོད་མཇུག་འགྲིལ་བའི་ལོ་ཞིག་ཡིན། མིག་སྔའི་བར་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་གཏོང་ལེགས་གཏོང་གི་བྱ་སྤྱོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིའི་མྱུར་ཚད་96.8%དང་། གཞུང་རྒྱུ་ཨུ་ལྷན་ལྟ་འདོམས་ཁེ་ལས་ཀྱི་སྤྱིའི་མྱུར་ཚད་97.3% ས་ཁུལ(གྲོང་ཁྱེར)7གྱི་སྤྱིའི་མྱུར་ཚད་98.9%བཅས་སོ་སོར་ཟིན་ཡོད། ང་ཚོས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་འགན་ལེན་བྱེད་པ་དང་ཆབས་ཅིག གསར་གཏོད་བྱེད་ཕོད་པར་བྱས་ནས། སྒྱུར་བཅོས་བྱེད་དགོས་པ་དང་བྱེད་ཐུབ་པ་དག་སྒྱུར་བཅོས་ཡག་པོ་དང་གནད་སྨིན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་དེར་དམ་འཛིན་བྱེད་ཀྱི་ཡོད། ལྟ་འདོམས་ཁེ་ལས་ཀྱི་ནོར་སྐྱོང་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་ཐུབ་ནས། དངུལ་ཁང་དང་ཁེ་ལས་ཐད་ཀར་འབྲེལ་བ་དང་། རྩིས་ཁྲ་གཅིག་གྱུར་ཕྱོགས་སྡེབས། མ་དངུལ་སྟབས་བསྟུན་ལྟ་འདོམས་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་གཞུང་རྒྱུའི་ལྟ་འདོམས་ཀྱི་ལས་སྟེགས་ཆེན་པོར་བརྒྱུད་རིམ་ཧྲིལ་པོ་ཆ་འཕྲིན་ཅན་གྱི་ལྟ་འདོམས་མངོན་འགྱུར་བྱུང་བ་དང་། དངུལ་རྩའི་མ་རྩ་དང་ཁེ་ལས་ཀྱི་མ་རྩ་ལོགས་དབྱེར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ཁྲིམས་མིའི་རིམ་དབྱེ་རིམ་པ་གསུམ་ནང་ཚུན་དུ་ཉུང་དུ་བཏང་སྟེ་ལོ་ཧྲིལ་པོར“ཆུང་ངོ་ཁ་ཐོར་དང་ཉམས་ཞན”གྱི་ཁེ་ལས་50ཡན་ཉུང་དུ་བཏང་བ། ལྟ་འདོམས་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཆ་བགོ་བཤའི་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ། ཅིང་ལི་རིམ་པའི་ཁོངས་མིའི་ལས་འགན་ཁུར་ཡུན་ལམ་ལུགས་དང་གན་རྒྱ་ཅན་གྱི་དོ་དམ་སྤུས་ཚད་མཐོ་པོས་ཡོངས་ཁྱབ་ཐུབ་པར་སྐུལ་འདེད་བཏང་ནས་དོ་དམ་པའི་ལས་སྒྲུབ་ལས་གཏོད་དང་ཐེག་འཁུར་འགན་སྒྲུབ་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ། ཕྱིའི་ལས་འཛིན་པའི་གདེང་འཇོག་དང་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལས་འཛིན་ལྷན་ཚོགས་དང་བཅོས་སྐྱོང་བྱེད་པོ་གཞན་དག་ཁག་བསམ་སྤྱོད་གཅིག་མཐུན་དང་ཕྱོགས་གཅིག་ཏུ་ནུས་ཤུགས་བཏོན་ནས་ཁྲོམ་ར་ཅན་གྱི་ལམ་སྲོལ་དངོས་འབྲེལ་གསོན་ཤུགས་འཕེལ་བ་དང་སྟོབས་ལྡན་དུ་འགྱུར་བ་བཅས་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།