དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་ པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐོག

    རང་ལྗོངས་ཀྱི་འཐུས་མི་རུ་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-17

    ཉེ་དུས། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐའེ་ཆོན་ཏའོ་དྲག་རྩལ་རྣམ་གྲངས་འགྲན་བསྡུར་ནང་དབང་སྐྱོན་རིམ་པ་K44ཡི་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་ཕུན་ཚོགས་ལ་སྤྱི་རྒྱ་80རིམ་པའི་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་པ་དང་དུས་མཚུངས། བོད་ཀྱི་འཐུས་མི་རུ་ཁག་ལ“ལུས་རྩལ་ཀུན་སྤྱོད་ཀྱི་སྲོལ་བཟང་བྱ་དགའ”ཐོབ་ནས་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པའི་དཔའ་ངར་ཆེར་སྐྱེད་དང་ཡ་རབས་འགྲན་ཞུགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

    ད་ཐེངས་བོད་ཀྱི་འཐུས་མི་རུ་ཁག་འགྲན་བསྡུར་ནང་ཞུགས་པ་ལས་ཐའེ་ཆོན་ཏའོ་དྲག་རྩལ་རྣམ་གྲངས་ཁྲོད་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ལ་ཚད་བརྒལ་གལ་ཆེན་བྱུང་བ་དེས་རྒྱལ་ཡོངས་སུ་བོད་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པའི་མི་མངོན་པའི་སྟོབས་ཤུགས་དང་ཉམས་འགྱུར་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།