དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཐབས་མང་སྤྱད་དེ་རང་རྒྱལ་གྱིས་བཟོས་པའི་ནུས་གསར་རླངས་འཁོར་གྱི་ཕྱིར་གཏོང་འགན་ལེན་བྱས་པ།

    ཟླ་བ་དང་པོ་ནས་བདུན་པའི་བར་བོད་ཀྱི་འགག་སྒོ་ཁག་ནས་ཁྱོན་རླངས་འཁོར་ 8388ཕྱིར་གཏོང་བྱས་པ་དང་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་10.15ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-17

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་49.05ཟིན་ནས་12.6%འཕར་ཡོད། གྲུབ་འབྲས་དེའི་ནང་ནུས་གསར་རླངས་འཁོར་ཕྱིར་གཏོང་གི་གྲངས་འབོར་མངོན་གསལ་དོད་པོས་འཕར་ཡོད་པ་སྟེ། ཟླ་བ་དང་པོ་ནས་བདུན་པའི་བར་བོད་ཀྱི་འགག་སྒོ་ཁག་ནས་ཁྱོན་རླངས་འཁོར་8388ཕྱིར་གཏོང་བྱས་པ་དང་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་10.15ཟིན་པ་དེ་དུས་མཚུངས་ལས་38.6%དང་17.6%སོ་སོར་འཕར་ཡོད་པ་རེད།

    ད་ལོ་ཚུན་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་ནུས་ལ་གཞིས་ཚུགས་ཏེ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བོད་ཀྱི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གྱི་ནུས་པ་གང་ལེགས་འདོན་པ་དང་། བྱ་ཐབས་ཁག་9བཏོན་ནས་ནུས་གསར་རླངས་འཁོར་སོགས“རིགས་གསར་གསུམ”གྱི་ཕྱིར་གཏོང་ལ་རམ་འདེགས་བྱེད་པ། འགག་སྒྲོལ་འགན་ལེན་གྱི“སྣ་འདུས་ཐབས་བཟང”འདོན་པ་བཅས་བྱས་ནས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་གཏོང་བར་རམ་འདེགས་བྱས་པ་དང་ཆབས་ཅིག་ལྕགས་ལམ་སྡེ་ཚན་དང་མཉམ་འགུལ་བྱས་ཏེ། ཨེ་ཤེ་ཡ་ལྷོ་མའི་ནུས་གསར་རླངས་འཁོར་གྱི་དུས་གཏན་རླངས་འཁོར་གཏོང་འགོ་ཚུགས་པ་མ་ཟད། “སྐམ་སའི་གྲུ་ཁའི་རེ་ཞུ་དང་། ཁོངས་གཏོགས་ཁུལ་གྱི་ལྟ་བཤེར། འགག་སྒོའི་ཐད་གཏོང”བཅས་ཀྱི་ལྟ་འདོམས་བྱེད་སྟངས་ལེགས་སུ་བཏང་བ་དང་། རླངས་འཁོར་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་རེ་ཞུ་དང་ལྟ་བཤེར་སོགས་ཀྱི་ལས་སྒྲུབ་ལྷུ་ཚིགས་བརྒྱུད་འགག་སྒོར་འབྱོར་ནས་གློག་རྡུལ་གྱི་ཞིབ་བཤེར་བྱས་རྗེས་ཐད་ཀར་སྐྱོད་ཆོག་གི་ཡོད་པས་ནུས་གསར་རླངས་འཁོར་རེ་ཞུ་འབུལ་བ་ནས་ཕྱིར་གཏོང་བའི་བར“དོས་སྒམ་གཅིག་ལ་ཞིབ་བཤེར་ཐེངས་གཅིག་ལས་བྱེད་མི་དགོས་པའི”འགག་སྒྲོལ་རྣམ་པ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།