དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཕྱོགས་མང་པོའི་སྟོབས་ཤུགས་བསྒྲིལ་ནས་ཚན་རིག་ཤེས་བྱ་གྲོང་གསེབ་ཏུ་ཁྱབ་སྤེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-17

    ཉེ་ཆར་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གཞོན་ནུ་དང་བླངས་པའི་ཞབས་ཞུའི་རུ་ཁག་གིས་ཧི་མ་ལ་ཡ་འགྲོ་ཀུན་ཚོགས་པ་དང་ལྷུན་གྲུབ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཁར་རྩེ་གྲོང་ཚོར“གློག་ཤུགས་དང་འདབ་ཆགས་སྲུང་སྐྱོང་ཟུང་འབྲེལ”གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། ས་གནས་དེ་གའི་མང་ཚོགས་དང་སློབ་ཆུང་སློབ་མར་བདེ་འཇགས་གློག་སྤྱོད་དང་དཀོན་ལ་རྩ་ཆེ་བའི་འདབ་ཆགས་སྲུང་སྐྱོང་གི་སློབ་ཚན་ཞིག་ཁྲིད་དེ། བདེ་འཇགས་དང་སྐྱེ་ཁམས་ཀྱི་འདུ་ཤེས་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    བྱེད་སྒོ་སྤེལ་རིང་དང་བླངས་པས་ས་མཐོའི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་བརྙན་ལམ་གསལ་སྟོན་དང་། བོད་རྒྱ་སྐད་གཉིས་ཀྱི་འགྲེལ་བཤད། སྤྲོ་འཕེལ་ལན་འདེབས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྱིམ་ཚང་གི་གློག་སྤྱོད་བདེ་འཇགས་ཤེས་བྱ་བརྒྱུད་རིམ་ལྡན་པར་ཁྱབ་གདལ་བཏང་བ་དང་འབྲེལ། 《བདེ་འཇགས་གློག་སྤྱོད་ལག་དེབ》ཀྱང་སྤྲད་ནས་མང་ཚོགས་ཀྱི་བདེ་འཇགས་གློག་སྤྱོད་འདུ་ཤེས་ཟབ་ཏུ་བཏང་བ་དང་བདེ་འཇགས་གློག་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

    དཀོན་ལ་རྩ་ཆེ་བའི་འདབ་ཆགས་རིགས་སྲུང་སྐྱོང་བྱེད་པའི་སྐོར་བརྗོད་སྐབས། ཧི་མ་ལ་ཡ་འགྲོ་ཀུན་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་གསོན་ཉམས་ལྡན་པའི་དཔེ་མཚོན་དྲངས་ནས། ཁྲུང་ཁྲུང་སྐེ་ནག་སོགས་ས་མཐོའི་དམིགས་བསལ་གྱི་སྐྱེ་དངོས་རིགས་ཀྱི་འཚོ་གནས་གོམས་གཤིས་འགྲེལ་བཤད་བརྒྱབ་པ་དང་། དང་བླངས་པས་དུས་མཚུངས་སུ་བོད་སྐད་ནས་སྐར་སྒྱུར་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་བྱས་ཡོད། བྱེད་སྒོ་སྤེལ་རིང་། སྟོངས་ཉེར་ཡོད་པའི་འདབ་ཆགས་དང་མིའི་རིགས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་འགྲེམས་སྟོན་བརྒྱུད། ཚང་མར་སྲུང་སྐྱོང་འདུ་ཤེས་འཛུགས་པ་དང་རང་འགུལ་ངང་འདབ་ཆགས་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།