དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས། ལྷ་སའི་ཕྱོགས་སུ་བསྐྱོད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-17

    ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འགྲུལ་པའི་འགྲོ་འོང་གི་དགོས་མཁོ་སྐོང་ཆེད། ཀྲུང་གོ་ལྕཌ་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་སའི་ཕྱོགས་སུ་བསྐྱོད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ཞིང་། 2025ལོའི་ཟླ་9ཚེས་8ཉིན་ནས་ཟླ་10ཚེས་8ཉིན་བར་ཟི་ལིང་ནས་ལྷ་ས་བར་གྱི་་གནས་སྐབས་འགྲུལ་སྐྱེལ་མེ་འཁོརY971མང་དུ་བཏང་བ་དང་། ཟླ་9ཚེས་10ཉིན་ནས་ཟླ་10ཚེས་10ཉིན་བར་ལྷ་ས་ནས་ཟི་ལིང་བར་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོརY972མང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།