དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བརྒྱད་པའི་བར་ཀྲུང་ཨེའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བཅུ་ཆ་གསུམ་ལྷག་ཙམ་འཕར་བ།

    སྐྱེལ་འདྲེན་ནུས་པ་དང་ལས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-16

    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བ་དང་པོ་ནས་བརྒྱད་པའི་བར། ཀྲུང་ཨེའི་དུས་གཏན་མེ་འཁོར་གཏོང་གྲངས་9626ཟིན་ནས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་75.1ཟིན་པ་དེ་དུས་མཚུངས་ལས་22.7%དང་31.1%སོ་སོར་ཟིན་ཡོད། ཟླ་8ཚེས་31ཉིན་བར། ཀྲུང་ཨེའི་དུས་གཏན་མེ་འཁོར་གྱིས་ལོ་ལྟར་རིམ་རྩིས་བརྒྱབ་ན་མེ་འཁོར་ཁྲི་6.9ལྷག་ཙམ་བཏང་ནས་ཚད་ལྡན་དངོས་ཟོག་དོས་སྒམ་ཁྲི་519ལྷག་ཙམ་དབོར་ཡོད། ཀྲུང་ལོའི་ལྕགས་ལམ་དང་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་སྐྱེལ་འདྲེན་བར་ཁྱམས་སོགས་བགྲོད་ལམ་ཤར་གཏོང་ཐུབ་སྟེ་ཀྲུང་ཨེའི་དུས་གཏན་མེ་འཁོར་གྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། ཨེ་ཤེ་ཡ་སོགས་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་པ་དང་རྒྱལ་ནང་གི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་28ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་128ལ་ཁྱབ་ཡོད་པ་རེད།

    ཀྲུང་ཨེའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྦྲགས། ཀྲུང་ཨེའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དངོས་ཟོག་དེ་ཤར་གཏོང་ཐུབ་མ་ཐག་པའི་སྐབས་ཀྱི་རྒྱལ་སྒྲོལ་ཉིས་བརྒྱུད་རླངས་འཁོར་སོགས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས། འཕྲུལ་ཆས་སྒྲིག་ཆས་སོགས་རིགས་ཆེན་པོ་22བར་རྒྱ་ཆེར་སོང་ཡོད། ཨེ་ཤེ་ཡ་དབུས་རྒྱུད་ནས་ཐོན་པའི་སྲིང་སྐུད་དང་། གཏེར་རྫས་འཐི་སྤུས་དག གྲོ་ལྤགས། སོ་བ་བཅས་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་ཚ་ཁུལ་གྱི་ཤིང་འབྲས་དང་། རྫས་ལུད། ལྕགས་གཏེར་སོགས་ཀྱི་དངོས་ཟོག་ཀྲུང་གོའི་ཁྲོམ་རར་དབོར་གྱི་ཡོད། དེ་དང་ཆབས་ཅིག “ཀྲུང་གོས་བཟོས་པའི”ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས་ལྷུ་ལག གློག་རྡུལ་ཐོན་རྫས། འཚོ་བའི་མཁོ་ཆས་སོགསརྒྱ་ཆེའི་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་དུ་མགྱོགས་མྱུར་དབོར་བཞིན་ཡོད་པ་རེད།

    སྐྱེལ་འདྲེན་ལས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཀྲུང་གོའི་ལན་ཡུན་ཀང་གྲུ་ཁ་ནས་ཧ་སག་སི་ཐན་གྱི་ཨ་ལཱ་མུའུ་ཐུའུ་བར་གྱི་ཀྲུང་ཨེའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དུས་ཚོད་དེ་2014ལོའི་ཉིན་10ཡན་ནས་མིག་སྔའི་ཉིན་6བར་ཐུང་དུ་སོང་ཡོད། 2024ལོའི“རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཆེད་སྤྱོད་མེ་འཁོར”ཤར་གཏོང་ཐུབ་པ་དང་སྦྲགས། ཀྲུང་གོའི་ཀྲེ་ཅང་དབྱི་ཝུའུ་ཡི་ཚོང་ཟོག་ཆུང་ངུའི་གྲོང་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཐ་ཧྲི་ཀན་ཁྲོམ་རའི་བར་གྱི་ལམ་ཐག་ལ་ཉིན་10ལས་འགོར་གྱི་མེད་པས་མཁའ་ཐོག་སྐྱེལ་འདྲེན་གྱི་མ་གནས་ལས་80%ཡིས་དམའ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།