དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནོར་སྲིད་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་དགུ་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-16

     ཚེས་13ཉིན། ནོར་སྲིད་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་དགུ་པ་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་འཚོགས་པ་དང་། སྐབས་འདིའི་གླེང་སྟེགས་ཀྱིས“ནང་མཁོ་རྒྱ་ཆེར་བཏང་ནས་འགྲན་སློང་ལ་ཁ་གཏད་གཅོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་རེད།

    སྐབས་འདིའི་གླེང་སྟེགས་ནི་ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་ཆེན་ཀྲུང་གོ་སྤྱི་པའི་ནོར་སྲིད་ཞིབ་འཇུག་ཁང་དང་། 《མི་དམངས་གཟའ་འཁོར་དུས་དེབ》དུས་དེབ་ཁང་། ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་ཆེན་ནོར་ཁྲལ་མ་འཇོག་སློབ་གླིང་། ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་ཆེན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།

    གླེང་སྟེགས་ལ་ཀྲུང་གོ་མི་དམངས་སློབ་ཆེན་དང་། ཀྲུང་དབྱང་ནོར་དཔལ་སློབ་ཆེན། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་མཐོ་སློབ་དང་ཞིབ་འཇུག་ལས་ཁུངས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ནོར་སྲིད་དང་། དངུལ་ལོར། ཚོང་དོན་སྲིད་ཇུས་བཅས་ལ་དམིཌ་ནས་གྲོས་བསྡུར་བྱས་ཤིང་། ཚོགས་ཞུགས་མི་སྣས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དང་ནང་མཁོ་རྒྱ་ཆེར་གཏོང་བའི་ཐད་ཕན་འབྲས་ཆེན་པོ་ལྡན་ཡོད། སླད་ཕྱིན་རྒྱལ་ནང་གི་ཁྲོམ་ར་སྔར་བས་རྒྱ་ཆེར་དང་། འཛད་སྤྱོད་དང་མ་འཇོག་སོགས་ཀྱི་སྲིད་ཇུས་ལེགས་སྒྱུར། ནང་མཁོའི་མ་ལག་ཆ་ཚང་འཛུགས་པ་བཅས་བྱེད་དགོས་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྲོམ་རར་སྣེ་ཁྲིད་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།