མཐའ་སྲུང་དཔའ་བོ་ཁྲེན་ཞང་རུང་གི་ཨ་མ་ཡའོ་ཅིའུ་སུའེ་ཡིས་བརྗོད་དོན།“ང་ལ་བུ་འདི་འདྲ་ཞིག་ཡོད་པར་སྤོབས་པ་སྐྱེ་གི་འདུག”
འདི་ནི་ཡའོ་ཅིའུ་སུའེ་དྲན་གསོའི་ཚོགས་ཆེན་དུ་ཞུགས་བཞིན་པ།
“དམག་གཟིགས་མཛད་སྒོའི་ཐོག་གི་འཐབ་འཛིང་པ་ཚོ་མཐོང་སྐབས། ང་ཞང་རུང་དྲན་བྱུང་། གལ་ཏེ་བུ་ད་དུང་བསྡད་ཡོད་ན། ཁོ་ཚོ་དང་འདྲ་བར་སྙིང་སྟོབས་ཆེར་སྐྱེད་ཡིན་ངེས་རེད” ཟླ་9ཚེས་3ཉིན་མཐའ་སྲུང་དཔའ་བོ་ཁྲེན་ཞང་རུང་གི་ཨ་མ་ཡའོ་ཅིའུ་སུའེ་གདན་ཞུས་ལྟར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དུ་ཞུགས་པ་རེད།
2020ལོའི་ཟླ་6པར་མཐའ་སྲུང་འཐབ་རྩོད་ཁྲོད། ལོ་19ལ་ཡང་མ་སོན་པའི་ཁྲེན་ཞང་རུང་གིས་སྐྲག་སྣང་སྤུ་ཙམ་ཡང་མེད་པར་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་འཛིང་བྱས་ཏེ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱས་ནས“དྭངས་གཙང་གི་བརྩེ་བ་ནི་ཀྲུང་གོ་ཁོ་ནའི་ཆེད་དུ་བཅངས་པ་ཡིན”ཞེས་པའི་བརྩེ་བ་ཟབ་པའི་སྐད་ཆ་ཚིག་གཅིག་བཞག་ཡོད། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ཁྲེན་ཞང་རུང་ལ་བྱས་རྗེས་རིམ་པ་དང་པོའི་ཐོ་འགོད་བྱས་པ་རེད། དཔའ་བོ་ཁྲེན་ཞང་རུང་སྐུ་གཤེགས་རྗེས། དམག་དཔུང་གིས་ཡའོ་ཅིའུ་སུའེ་ལ་དཀའ་ངལ་གང་ཞིག་ཡོད་མེད་དྲི་སྐབས། ཁོང་གིས་མགོ་གཡུག་གཡུག་བྱས་ཏེ“ངའི་བུ་ནི་ཁྱིམ་སྲུང་རྒྱལ་སྐྱོང་གི་དཔའ་བོ་ཞིག་ཡིན་པས། ང་ལ་རེ་བ་ཅི་ཡང་མེད། ང་ལ་བུ་འདི་འདྲ་ཞིག་ཡོད་པར་སྤོབས་པ་སྐྱེ་གི་འདུག”ཅེས་བཤད།
མཛད་སྒོ་འཚོག་ཡུལ་དུ་ཡའོ་ཅིའུ་སུའེ་ཡིས་ལག་ཐོགས་ཁ་པར་ནས་དམག་ཆས་གྱོན་པའི་ཁྲེན་ཞང་རུང་གི་པར་ལ་བལྟས། ཡའོ་ཅིའུ་སུའེ་ཡིས“བུ་ཞང་རུང་ནི་ཕ་མར་སྲི་ཞུ་ཆེ་ལ་སེམས་པ་བཟང་བ་དང་། སྣང་བ་སྐྱིད་ལ་བློ་སྟོབས་ཆེ་བའི་ཕྲུ་གུ་ཡག་པོ་ཞིག་ཡིན། ངས་དྲན་གསོའི་ཚོགས་ཆེན་འཚོག་ཡུལ་དུ་ཞང་རུང་གི་པར་དང་མཉམ་དུ་པར་ཞིག་བླངས་ན། ང་ལ་བུ་དང་མཉམ་དུ་དམག་གཟིགས་ལ་བལྟ་བར་ཡོང་བའི་སྣང་བ་ཞིག་ཡོང་གི་འདུག”ཅེས་བཤད།
ཁྲེན་ཞང་རུང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་གཤེགས་རྗེས། ཁོང་གི་གཅེན་མོ་ཁྲེན་ཆའོ་ཁྲའེ་དམག་དཔུང་གི་ཞི་དཔོན་ལ་རྒྱུགས་སྤྲད་པ་རེད། “ཞང་རུང་མེད་ཀྱང་ཁོ་པའི་སྙིང་སྟོབས་ནམ་ཡང་ང་ཚོའི་སེམས་སུ་གནས་ཡོད། གཞོན་ནུ་དེ་བས་མང་བས་ཁྲེན་ཞང་རུང་མིག་དཔེར་བཟུང་ནས་དམག་སྒར་ནང་ཞུགས་ཏེ་ཁྱིམ་སྲུང་རྒྱལ་སྐྱོང་བྱེད་ཀྱི་ཡོད”ཅེས་ཁྲེན་ཆའོ་ཁྲའེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།